[A:༥༧༢]དབང་བསྐུར་བ། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ལས་གསུངས་པའི་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང༌། འཕགས་པ་དོན་ཡོད་ཞགས་པ་ལྷ་མང་གི་དབང༌། སྤྱོད་རྒྱུད་རྣམ་སྣང་མངོན་བྱང་གི་དབང༌། མ་ཧཱ་མཱ་ཡཱ་ལྷ་ལྔའི་དབང༌། བླ་མ་དམ་པས་མཛད་པའི་ལམ་འབྲས་པོད་ནག་མའི་ལུང་ཡོངས་རྫོགས། ལམ་སྐོར་དགུའི་ལུང༌། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་དབང༌། ཁྲིད། རྒྱབ་རྟེན་ལུང་དང་བཅས་པ། སྐྱེས་མཆོག་འབའ་ར་བའི་རྣམ་ཐར་དང་འགུར་འབུམ་གྱི་ལུང༌། དེ་ཉིད་ཀྱི་བཀའ་འབུམ་གྱི་ལུང་བཅས་གསན་ནོ། །བསྟན་པའི་ཉི་མ་ཞབས་དྲུང་རིན་པོ་ཆེ་ནམ་མཁའ་རྒྱལ་མཚན་གྱི་དྲུང་ནས་སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེས་བཀའ་གཏེར་གྱི་གདམས་པ་ཅི་རིགས་པ་ཕྱོགས་གཅིག་ཏུ་བསྒྲིགས་པ་འདོད་འཇོའི་བུམ་བཟང་གི་དབང་རྗེས་ལུང་གི་སྐོར་བཅས་ཡོངས་སུ་རྫོགས་པ། སློབ་དཔོན་འགྲོ་བཟང་ལུགས་ཀྱི་ཕྱག་རྡོར་གོས་སྔོན་ཅན་གྱི་རྗེས་གནང༌། རྣམ་སྲས་སེར་ཆེན་ལྷ་དགུའི་རྗེས་གནང༌། ཁྱུང་དམར་གྱི་རྗེས་གནང་ལུང་དང་བཅས་པ། གཤིན་རྗེའི་གཤེད་དམར་པོའི་རྗེས་གནང༌། གཤིན་རྗེའི་གཤེད་དགྲ་ནག་པོ་ལྷ་བཅུ་གསུམ་ཐོད་པ་བཞི་དང་བཅས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ། ཕྱག་རྡོར་གཏུམ་པོ་ཁྱུང་ལྔའི་རྗེས་གནང༌། ཚེ་རེང་མ་མཆེད་ལྔའི་རྗེས་གནང༌། གྲུབ་ཆེན་ཁྱུང་པོ་རྣལ་འབྱོར་གྱིས་སྤྱན་དྲངས་པའི་ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་སྐོར་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་གསེར་ཆོས་བཅུ་གསུམ་དུ་གྲགས་པའི་རྗེས་གནང་ཐུན་མོང་མ་ཡིན་པ་སྙིང་ཞུགས་ཀྱི་རྗེས་གནང་དང་བཅས་པ། གཞན་ཡང་འཕགས་པའི་གནས་བརྟན་བཅུ་དྲུག་གི་རྗེས་གནང༌། འཇམ་དཔལ་དང་ས་པཎ་སྦགས་སྒྲུབ་ཀྱི་བྱིན་རླབས་ཟབ་མོ། འཕགས་པ་ཐུགས་རྗེ་ཆེན་