R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༧༣
[A:༥༧༣]པོ་བཅུ་གཅིག་ཞལ་གཙོ་རྐྱང༌། གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུ། ཁྲོ་བོ་གཙུག་ཏོར་འབར་བ། ཕྱག་ན་རྡོ་རྗེ་ཨུ་ཙཱརྻ། གྲྭ་མངོན་ཛམ་དམར་ཕྱག་དྲུག་པ། ཕག་མོ་དཀར་མོ་ཤེས་རབ་གསལ་བྱེད་བཅས་ཀྱི་རྗེས་གནང༌། མ་གཅིག་ཐུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དབང་ཟབ་མོ། གུ་རུ་ཡོན་ཏན་གཏེར་མཛོད་ཀྱི་བྱིན་ཟབ་དབང་བསྐུར་ཟབ་མོ། ཡར་ཀླུང་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བའི་སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་ཡོངས་རྫོགས། མཆིམས་ནམ་མཁའ་གྲགས་ཀྱིས་ཕྱོགས་གཅིག་ཏུ་བསྒྲིགས་པའི་སྣར་ཐང་བརྒྱ་རྩའི་རྗེས་གནང་ཡོངས་རྫོགས། ལམ་འབྲས་ཀྱི་ཆ་ལག་ལུས་སྦྱོང་བསྡུས་པ་ཡན་ལག་ལྔ་སྦྱོང༌། རྒྱས་པ་ཉི་ཤུ་པ། ཕྲིན་ལས་སུམ་ཅུ་རྩ་གཉིས་ཞལ་ཤེས་དང་བཅས་པའི་བཀའ་ཁྲིད་དཔྱིས་ཕྱིན་པ་གསན་པར་མཛད་ཅིང༌། རྗེ་བཙུན་ས་རུ་བྱ་བྲལ་བའི་ལུགས་ཀྱི་གཅོད་དབང་ནམ་མཁའ་སྒོ་འབྱེད་ཀྱི་ཆོས་དབང་སེམས་ལ་བསྐུར་བ་དང༌། རྡེལ་བུ་བྱིན་རླབས་བཅས་ལེགས་པར་གསན། དེ་དང་འབྲེལ་བར་གྲུབ་དབང་ས་རུ་པ་ཡབ་སྲས་རྗེས་འབྲང་དང་བཅས་པས་མཛད་པའི་གཅོད་ཡུལ་གྱི་གདམས་པ་ཟབ་མོ་རྣམས་ཀྱི་ལུང་དང༌། ཞར་བྱུང་དྲུང་ཀུན་དགའ་རིན་ཆེན་ལུགས་ཀྱི་གཅོད་སྐོར་ཡིག་ཆ་འགའ་ཞིག་གི་ལུང༌། རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་བཀའ་འབུམ་པོད་བཞིའི་ནང་ལུང་མེད་སྐོར་ཅུང་ཟད་མ་གཏོགས་ཡོངས་སུ་རྫོགས་པ་གསན། གཞན་ཡང་ལྗགས་ལུང་ཕྲན་བུ་འགའ་ཞིག་གསན་པ་ནི་སྨོས་ཀྱིས་མ་ལངས་སོ། །དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བདུད་གྱི་སྟོབས་འཕྲོག་ངག་དབང་ཀུན་དགའ་རིན་ཆེན་གྱི་དྲུང་ནས་དཔལ་ལྡན་ས་སྐྱ་པའི་ཡབ་ཆོས་རྡོ་རྗེ་ཕུར་པའི་སྟོད་ལས་བྱང་ཆུབ་སྒྲུབ་