R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༧༦
[A:༥༧༦]མགོན་པོ། སྒྲུབ་དུས་ཀྱི་མགོན་པོ་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པ། དཔལ་མགོན་གདོང་བརྙན་ཅན། གསང་སྒྲུབ་ཐུན་མོང་མ་ཡིན་པ། དཀར་པོ་ཚེ་འཕེལ་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པ། སེར་པོ་རྒྱས་བྱེད་ལྷ་ལྔ་དང༌། ལྷ་དགུ་མ། དམར་པོ་དབང་སྡུད། སྔོན་པོ་བགེགས་འཇོམས། བརྩེགས་ཞལ་ཅན་ནམ་གནད་དབབ་ཀྱི་མགོན་པོ། ཁྱུང་ཞལ་ཅན། སེང་གེ་ནག་པོ། བྲམ་ནག་ཤན་པ་དྲུག་བསྐོར། བྲམ་ཟེ་མངགས་གཏད་བཅས་ཀྱི་རྗེས་སུ་གནང་བ་རྣམས་དང༌། སྔོན་འགྲོ་དངོས་གཞི་རྗེས་གསུམ་ཚང་བའི་སྒོ་ནས་གསང་ཁྲིད་ཟབ་མོ་བཅས་ལེགས་པར་གསན་ཞིང༌། དེ་དག་གི་རྒྱབ་རྟེན་དུ་བེའུ་བུམ་ནོར་བུའི་དོ་ཤལ་དང༌། ཧ་ལ་ནག་པོའི་པོད་གཉིས་དཀར་ཆག་ལྟར་ཤིན་ཏུ་ཚང་བ་དང༌། དེར་མ་འདུས་པའི་ཡིག་ཆ་འགའ་ཞིག་གི་ལུང་བཅས་གསན་པ་གསན་ཡིག་རིན་པོ་ཆེ་ལས་རྟོགས་པར་བྱའོ། །དཔལ་ཞྭ་ལུ་རི་ཕུག་གི་བྱང་གླིང་ཆོས་ཀྱི་ཁྲི་ལ་ཞབས་སེན་རྣམ་པར་བཀོད་པ་རིན་ཆེན་བློ་བཟང་མཁྱེན་རབ་དཔལ་བཟང་པོའི་དྲུང་ནས་བུ་ལུགས་རྡོ་རྗེ་མི་འཁྲུགས་པ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། བཤད་རྒྱུད་རྡོ་རྗེ་རྩེ་མོ་ལས་གསུངས་པའི་དཔལ་གསང་བ་མཆོད་ཆེན་རིགས་བསྡུས་པའི་དཀྱིལ་འཁོར་ཆེན་པོའི་དབང་བཀའ་བཅུ་ཡོངས་སུ་རྫོགས་པ་དང༌། གཞན་ཡང་ཞྭ་ལུའི་བཀའ་སྲུང་གི་གཙོ་བོ་མགོན་པོ་བེང་དམར་པོའི་རྗེས་གནང༌། འདོད་ཁམས་དབང་ཕྱུག་རྡོ་རྗེ་རབ་བརྟན་མའི་རྗེས་གནང་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པ། ཚེ་སྒྲུབ་བུ་སྟོན་གོང་ཁུག་མའི་རིགས་ལྔའི་དབང་བསྐུར་བ་དང༌། ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་ཀྱི་བཀའ་འབུམ་པོད་ལྔའི་