R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༧༧
[A:༥༧༧]ལྗགས་ལུང་རྗེ་བློ་གསལ་ཞབས་ཀྱི་དྲུང་ནས་གསན་པའི་འཕྲོས་༼ཆ༽པ་མན་དང་ཐུགས་སྲས་ལོ་ཙཱ་བའི་བཀའ་འབུམ་པོད་གཉིས་བཅས་ལུང་མེད་རྣམས་མ་གཏོགས་ཡོངས་སུ་རྫོགས་པ་དང༌། རྡོ་རྗེ་འཆང་རིན་ཆེན་བློ་གསལ་བསྟན་སྐྱོང་གི་བཀའ་འབུམ་ཕལ་ཆེར་གྱི་ལུང་བཅས་གསན་ནོ། །མཐའ་ཡས་པའི་དགེ་བའི་བཤེས་གཉེན་པོ་ཆེན་པོ་འཇམ་དབྱངས་ཕྲིན་ལས་དྲུང་ནས་མཁས་པ་ཆེན་པོ་ཐོ་ཡོན་རིན་པོ་ཆེ་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་བསྒྲིགས་པའི་དབང་བརྒྱའི་ནང་ནས་ཐུབ་པ་དམ་ཚིག་གསུམ་བཀོད། སྨན་ལྷ། གདུགས་དཀར་ལྷ་བཅུ་བདུན་མ་དང༌། ལྷ་སོ་བདུན་མ། རྣམ་འཇོམས་སྔོན་པོ། སྣུར་ལུགས་རྣམ་འཇོམས། གཟའ་ཡུམ། དཔལ་མཆོག་རིགས་བསྡུས། དཔལ་མཆོག་རྡོ་རྗེ་སེམས་དཔའ། ཁམས་གསུམ་རྣམ་རྒྱལ། འཇམ་དཔལ་གསང་ལྡན། འཇིགས་བྱེད་དཔའ་གཅིག །འཇིགས་བྱེད་ཞེ་དགུ་མ། གཤིན་རྗེ་གདོང་དྲུག །བདེ་མཆོག་སྟོད་འགྲེལ་ལུགས། བདེ་མཆོག་ངམ་རྫོང་སྙན་བརྒྱུད། བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་འབྲིང་པོ་ལྷ་བཅུ་བདུན་མ་ནཱ་རོ་ལུགས། བོང་ཞལ་ཅན། མཁའ་འགྲོ་རྒྱ་མཚོ། ཀྱེ་རྡོར་ཛྙཱ་ན་ལུགས་སམ་ནཱ་རོ་ལུགས། རྔོག་ལུགས་ཀྱེ་རྡོ་རྗེ། རྔོག་ལུགས་བདག་མེད་མ། རྔོག་ལུགས་ཀྱེ་རྡོར་རིགས་བསྡུས། དུས་གསུམ་མཁྱེན་པའི་ཐུགས་དམ་བདེ་མཆོག་ལྷ་ལྔ། རྡོ་རྗེ་ཕག་མོ། དགྱེས་རྡོར་ལྷ་ལྔ་རྣམས་ཀྱི་དབང༌། སྒྲོལ་མ་ལྷ་ལྔ་དང༌། རྟ་མགྲིན་ཤྭ་ན་བཞི་སྐོར་གྱི་རྗེས་གནང༌། མི་ཏྲ་ལུགས་ཀྱི་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་དབང་དང་བཅས་པ་སྟེ། མདོར་ན་རྗེས་གནང་གཉིས་དང་བཅས་པའི་དབང་ཉེར་དགུ་ལེགས་པར་གསན། ཡང་བདེ་མཆོག་