R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༧༩
[A:༥༧༩] ཆབ་མདོ་ཞལ་ངོ་ཡབ་སྲས་ཀྱི་ཐུགས་དམ་ལྕགས་རིའི་ཕྱི་ལས་མི་འདའ་བའི་ཟབ་ཆོས་གྲུབ་ཆེན་མི་ཏྲ་ཛོ་ཀིའི་མན་ངག་ཆོས་དྲུག་ཏུ་གྲགས་པ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། ཕྱག་ན་རྡོ་རྗེ། འཇམ་དབྱངས། ཚེ་དཔག་མེད། སྒྲོལ་མ། ཛམྦྷ་ལ་བཅས། དེའི་ཆ་ལག་རྟ་མགྲིན་དམར་ཆུང་དང༌། བཀའ་སྲུང་བྲག་ལྷ་མགོན་པོ་བཅས་བརྒྱད། མགོན་པོ་ཕྱག་བཞི་པ། ཕྱག་བཞི་པ་མགོན་དཀར་འཆི་བདག་འཇོམས་པ། མགོན་དམར་དངོས་གྲུབ་ལྕགས་ཀྱུ། མགོན་སེར་དགོས་འདོད་ཀུན་འབྱུང༌། མགོན་ལྗང་ཕྲིན་ལས་ལྷུན་གྲུབ་སྟེ་རྗེས་གནང་བཞི་བཅུ་ཞེ་བརྒྱད་བཅས་དང༌། ཡང་འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས། ལེགས་ལྡན་མཆེད་གསུམ་གྱི་རྗེས་གནང་བཅས་གསན་ནོ། །ལུང་གི་སྐོར་ལ། བསྟོད་པ་བརྒྱ་ལྔ་བཅུ་པ་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པས་མཚོན་རྒྱུད་སོ་སོའི་འགྲེལ་པ་དང༌། སྒྲུབ་ཐབས་སོགས་འཕགས་ཡུལ་མཁས་པའི་བསྟན་བཅོས་མང་དུ་གསན་པ་རྣམས་ནི་བྲི་བར་མ་ནུས་པས་ཞིབ་པར་གསན་ཡིག་རིན་པོ་ཆེ་ལས་རྟོགས་པར་བྱའོ། །གཞན་ཡང་བཅོམ་ལྡན་འདས་སྨན་གྱི་བླ་མའི་རྣམ་འཕྲུལ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་གསུངས་པའི་རྩ་རྒྱུད། བཤད་རྒྱུད། མན་ངག་རྒྱུད། ཕྱི་མ་རྒྱུད་དེ་སྨན་གྱི་རྒྱུད་བཞིར་གྲགས་པའི་ལུང༌། མན་ངག་རྒྱུད་ཀྱི་ལྷན་ཐབས་མི་དབང་སངས་རྒྱས་རྒྱ་མཚོས་མཛད་པ། དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས་བསྒྲིགས་པའི་གདམས་ངག་བཀའ་རྒྱ་མ་བཅས། བཀའ་གདམས་གླེགས་བམ་རིན་པོ་ཆེ་ཕ་ཆོས་ལེའུ་ཉི་ཤུ་རྩ་དྲུག །བུ་ཆོས་ལེའུ་ཉི་ཤུ་རྩ་གཉིས། ངོ་མཚར་བའི་གཏམ་འཐོར་བུའི་ལེའུ་གཅིག །གཞན་ཡང་ལོ་རྒྱུས་ལ་སོགས་པ་