R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༨༠
[A:༥༨༠]ཕྲན་འགའ་ཞིག་སྟེ་ཡོངས་དྲིལ་ཡིག་སྣ་ང་དྲུག་གི་ལུང༌། བེའུ་བུམ་སྔོན་པོའི་འགྲེལ་པ་སློབ་དཔོན་ཇོ་བོས་མཛད་པ། བློ་སྦྱོང་ལེགས་བཤད་ཀུན་འདུས་ཀྱི་པོད་སོགས་བཀའ་གདམས་གོང་མ་རྣམས་ཀྱི་གསུང་རབ་མང་པོ། ཇོ་ནང་སྤྲུལ་སྐུ་ཀུན་དགའ་སྙིང་པོའམ། ཏཱ་ར་ནཱ་ཐའི་བཀའ་འབུམ་དེང་སང་ལུང་རྒྱུན་གང་བཞུགས་ཀྱི་ལུང་བཅས་གསན་ནོ། །ཡང་སྐུ་ན་ཕྲ་མོའི་སྐབས་ཞྭ་སེར་བསྟན་པའི་གཙུག་རྒྱན་བྲག་དགོན་ཞབས་དྲུང་རིན་པོ་ཆེ་དཀོན་མཆོག་བསྟན་པ་རབ་རྒྱས་དྲུང་ནས་ཟབ་ཆོས་འགའ་ཞིག་གསན་ཏེ། དེའང་ཐེག་པ་ཆེན་པོའི་བློ་སྦྱོང་དོན་བདུན་མའི་གདམས་པ་ཟབ་མོ་གླེགས་བམ་བཅས་ཀྱི་ལུང༌། བཀའ་གདམས་ལྷ་བཞིའི་རྗེས་གནང༌། དབྱངས་ཅན་དཀར་མོའི་རྗེས་གནང་ཐུན་མོང་མ་ཡིན་པ། ཕྱག་རྡོར་འཁོར་ཆེན་ལྷ་བཅོ་བརྒྱད་པ་དང༌། གཤེད་དམར་ལྷ་བཅུ་གསུམ་མའི་དབང༌། ཕྱག་རྡོར་ཨུ་ཙཱརྻ་དང༌། དབྱངས་ཅན་མ་དམར་མོའི་རྗེས་གནང༌། འཇིགས་བྱེད་ཀྱི་དུག་དབང་རྨ་བྱ་རྒྱས་པ། བདེ་མཆོག་དྲིལ་བུ་ཕྱི་དཀྱིལ་ལྷ་ལྔ་དང༌། ལུས་དཀྱིལ་གྱི་དབང༌། རྟ་མགྲིན་དམར་པོ་པདྨའི་དབྱུག་ཏོ་ཅན་གྱི་རྗེས་གནང་བཅས་གསན། གཞུང་ལུགས་སྨྲ་བ་དགའ་ལྡན་དཔོན་སློབ་བྱམས་པ་སྨོན་ལམ་གྲགས་པའི་དྲུང་ནས་ལམ་འབྲས་བླ་མ་བརྒྱུད་པ་རྒྱ་གར་པའི་ལོ་རྒྱུས་ནས་བཟུང་ཡབ་རྗེ་བསོད་ནམས་རིན་ཆེན་བར་གྱི་ལམ་འབྲས་ཚོགས་བཤད་བླ་མ་བརྒྱུད་པའི་རྣམ་ཐར་སྐོར་གྱི་ལུང་རྣམས་གསན། རྣམ་འདྲེན་དམ་པ་མངའ་རིའི་བླ་མ་ཀུན་དགའ་འཇམ་དབྱངས་དྲུང་ནས་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པའི་གཏེར་བྱོན་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་དབང་དང༌། གཟའ་ཡུམ་གཙོ་འཁོར་རྣམས་ཀྱི་དབང་བསྐུར་བ་གསན། སྒྲུབ་བརྒྱུད་བསྟན་པའི་ཉི་མ་གངས་རིའི་རྡོ་རྗེ་འཛིན་པ་འཇིགས་