R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༢༩༦
[A:༢༩༦]མངོན་པ་ལྟ་བུ། སྔར་བྱང་ལམ་དུ་ཞུགས་སྐབས་འགུ་ལོག་ཇག་པ་སྟོང་ཕྲག་གཉིས་ལས་ཉིན་གསུམ་གྱིས་བྱོལ་ཐབས་མཛད་པ་དང༌། སྔ་ནས་འདྲིས་ཟབ་ཆེ་བའི་རྫོང་གསར་གྲྭ་པ་ཞིག་ངོར་དུ་སོང་སྐབས་གཙང་གཞིས་རྩེ་ནས་རྐྱེན་ལམ་དུ་སོང་བ་དང་དུས་མཚུངས་པ་ཞིག་ལ། དེའི་མིང་ནས་སྨོས་ཏེ་བྱང་སྲེག་བསྔོ་སྨོན་ཁམས་ཕྱོགས་སུ་བཞུགས་སྐབས་མཛད། རྒྱུད་སྡེའི་པར་ཐོག་མར་བརྐོ་བའི་སྐབས་སུ། མི་ངན་གདོང་ལ་སྨེ་བ་ཡོད་པ་ཞིག་གིས་དཀྲུག་ཤིང་ཅུང་ཟད་བྱེད་པ་འདྲ་ཡང་ཨ་འུ་རྩི་གསུང༌། ཕྱིས་པར་རྐོས་རྣམས་དང་ངན་སྨྲས་ཀྱི་ལབ་གླེང་ཕྲན་བུ་བྱུང་སྐབས་མི་དེ་འདྲ་ཞིག་ཡོད་འདུག་པ་ལ་ཉེར་གནས་དག་གིས་མངོན་མཁྱེན་གསུང་ངོ་ཞུས་པས་མངོན་མཁྱེན་གཏན་ནས་མ་རེད་གསུང༌། ནང་ཆེན་རྒྱལ་པོའི་སྲས་ལོ་ལྔ་ལོན་པ་ཅན་ཞིག་ལ། འདི་ནི་ངོར་ཨེ་ཝཾ་པའི་བླ་མ་ཞིག་གི་སྐུ་སྐྱེ་ཡིན་འདུག་པ་ལ། གྲོགས་པོ་ངན་པས་བློ་སྣ་བསྒྱུར་མ་སོང་ན། བསྟན་པ་སྤྱི་དང་བྱེ་བྲག་ལ་ཕན་པ་ཞིག་འོང་བ་ཡིན་ནོ་གསུང༌། གློ་བུར་དུ་མི་དྲག་ཞན་མཆོག་དམན་འགའ་ཞིག་གིས་མིང་སྨོས་ནས་ཨ་བ་རིས། །སྙིང་རྗེ་གསུང་ན། དེ་ལ་ན་ཚ་ཤི་ཆད་རྐྱེན་ངན་ཟློག་ཏུ་མེད་པ་གཅིག་འོང་ངེས་ཡིན་ཅེས་དུས་རྒྱུན་རྒྱུས་ཡོད་དག་གིས་གླེང་བ་ཞིག་ཡོད། ཡང་བདེ་བར་བཞུགས་སྐབས་གཅིག་ལ། དེང་སྐབས་ཆོས་སྐྱོང་སྲུང་མ་རྣམས་ནི་ཁྲོ་ཞིང་འཁྲུགས་པའི་ཉམས་འགྱུར་དང་ལྡན་པས་བྲེལ་བ་ཟིང་ཟིང་མཛད་ནས་ཡུན་རིང་སོང་བ། ད་ནི་སྡེ་དགེའི་མི་ངན་འདི་རྣམས་ཀྱི་བྱེད་