[A:༣༣༣]མཛོད། །ཚེ་རབས་ཀུན་ཏུ་བྱམས་པའི་ཕྱག་གིས་ཟུངས། །ཐར་མེད་འཁོར་བའི་གཡངས་ལས་མྱུར་དུ་སྐྱོབས། །དུས་གསུམ་ལེགས་བྱས་འབྲས་བཟང་ཅི་མཆིས་པ། །ཐུགས་བསྐྱེད་མ་དྲོས་ཆུ་གཏེར་ཞུགས་ཙམ་གྱིས། །ཟུང་འཇུག་ཛཾ་བུ་ནཱའ་དའི་ངོ་མཚར་དང༌། །ཆབས་གཅིག་མཆོག་གི་རྒྱན་བཟང་འབར་གྱུར་ཅིག །གསང་བདག་རྡོ་རྗེའི་རྒྱལ་རྔ་སྲིད་གསུམ་བསྒྲགས། །རྒྱུད་སྡེ་རྣམ་བཞིའི་ཁང་བཟང་མངོན་པར་མཐོ། །སྨིན་གྲོལ་རྣམ་པར་རྒྱལ་བའི་རྒྱལ་མཚན་བསྒྲེངས། །ཆོས་ཀྱི་རྒྱལ་པོའི་ཕྲིན་ལས་རྒྱས་གྱུར་ཅིག །དེ་ལྟར་དཔལ་ལྡན་རྡོ་རྗེ་འཆང་བ་ཉིད་ངུར་སྨྲིག་གི་རྒྱལ་མཚན་གཡོ་བའི་ཤཱཀྱའི་སྲས་ཀྱི་ཚུལ་བཟུང་ནས་རྒྱལ་བསྟན་སྤྱི་དང་བྱེ་བྲག་རྡོ་རྗེ་ཐེག་པའི་བསྟན་པའི་མེ་རོ་གསོ་བའི་རྩལ་པོ་ཆེ་ངོམ་པ་འདི་ཉིད་ཀྱི་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན་འཇམ་དབྱངས་བློ་གཏེར་དབང་པོའམ། འཇམ་དཔལ་གྲུབ་པའི་རྡོ་རྗེ་ཐུབ་བསྟན་གསལ་བའི་ཉིན་བྱེད་འཇིགས་མེད་གཙུག་ལག་རྒྱ་མཚོའི་སྡེ་ཞེས་འཇིག་རྟེན་ན་སྐལ་བཟང་རྣ་བའི་བདུད་རྩིར་གྱུར་པ་དེ་ཉིད་ཀྱི་རྣམ་པར་ཐར་པ་ཆ་ཤས་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷའི་དགའ་སྟོན་ཞེས་དོན་གྱི་སྒོ་ནས་མིང་དུ་སྨོས་པ་འདི་ནི། སྙིགས་དུས་བསྟན་འགྲོའི་མགོན་དུ་རྒྱལ་ཀུན་ཕྲིན་ལས་ཡོངས་རྫོགས་མཆོག་སྤྲུལ་རིན་པོ་ཆེ་འཇམ་དབྱངས་ཆོས་ཀྱི་བློ་ གྲོས་པའི་ཞལ་སྔ་