[A:༣༦]ཆེན་པོ་མཛད། ལོ་རྒྱུས་བྱས་པས་རྡོ་རྗེའི་ཚིག་རྐང་གི་སྨད་འབྲས་བུའི་སྐབས་ཚོ་ཁུངས་ཆོད་ནས་རྟ་གཅིག་ཕུལ་ནས་ཟིན་ཐུན་བྱས་ཏེ་ཚར་བའི་རྗེས་ལ། ཇོ་སྲས་ན་རེ། ཨ་ཕོ་ངའི་སྙིང་བཏོན་པ་སྙམ་བྱེད་པས། ཉིད་རང་གི་རྟ་ཁྱེར་ལ་ངའི་ཆོས་འོར་ཅིག་གསུང་པ་ལ། སེ་ན་རེ། ཁྱེད་ཡབ་སྲས་ལ་འདི་འདྲའི་ལུགས་ཤིག་གར་ཡོད་པ་ཡིན། ཆོས་བློ་ལ་ཟིན་པ་དེ་སྐྱུག་ཏུ་ནི་མི་འདོད། ཇི་ལྟར་བྱ་ཟེར་ནས་ཞབས་ཏོག་བསྣན་ཏེ་བྱས། ཕྱིས་བླ་ཆེན་ཉིད་ལའང་ལེགས་པར་ཞུས་སོ། །དེ་ལྟར་ལོ་བཅོ་བརྒྱད་ལྷག་ཙམ་གྱི་བར་ལ་གདམས་ངག་རྣམས་རིམ་གྱིས་གནང་སྟེ། ཐམས་ཅད་ཚར་ནས་དེའི་རྗེས་སུ་ལ་ལམ་བསྡུས་ཏེ་སྒྲུབ་པ་ལུང་སྦྱིན་པ་མཛད་པས། བུམ་པ་གང་བྱོའི་ཚུལ་དུ་ཐམས་ཅད་ལེགས་པར་ཐོབ་ཅེས་ཡོངས་སུ་གྲགས་སོ།།
༈ གཉིས་པ་ཡོན་ཏན་བརྙེས་པའི་ཁྱད་པར་ནི། བསྐྱེད་རིམ་ལ་བརྟན་པ་ཅུང་ཟད་ཐོབ། རྩ་སྔགས་ཀྱི་སྒོ་ནས་ནུས་པ་བརྙེས་ཏེ། མཁར་ཆུང་གི་ཀླུ་སྲིན་མོ་ཤིན་ཏུ་ཐུ་བ་ཞིག་ཡོད་པ་དེ་བཏུལ་ནས་གནས་ཀྱང་གཞན་དུ་སྤོས། དེས་སྲོག་སྙིང་ཕུལ་ཏེ་ཅི་བསྒོ་བ་ཉན་ཅིང་དབང་དུ་འདུས། དེས་གནོད་པ་བྱས་ནས་མཛེ་བྱུང་བ་ཀུན་ལ་ཕྱག་རེག་པ་ཙམ་མམ་ཕུ་བཏབ་པ་ཙམ་གྱིས་སོས་པ་བྱུང༌། འོག་རླུང་ལ་དབང་ཐོབ་ཅིང་བྱང་སེམས་ཟིན་པས་ཇོ་མོ་ཡོད་ཀྱང་སྲས་ལ་སོགས་པ་མེད། སྐུའི་བཀོད་པའང་སྟོན་ནུས་ཏེ། མདོག་ཏུ་སྟོན་མོ་བྱུང་བ་ཐམས་ཅད་ཀྱི་གྲལ་མགོ་ལ་གདན་འདྲེན་པས་ཉིན་གཅིག་ལ་སྟོན་མོ་དུ་བྱུང་ཡང་དེ་རྣམས་ཀྱི་གྲལ་མགོར་བླ་མ་སེ་རེ་རེ་བྱོན་གསུང༌། མདོར་ན་གནས་སྦྱོང་བཞི་བཅུ་རྩ་གཉིས་ཀྱི་ཉམས་ཐམས་ཅད་སྐྱེས་ཤིང་འབྱོངས་པས་ཕྱིར་མི་ལྡོག་པ་ཡིན་གསུངས་སོ། །
གསུམ་པ་གྲུབ་པ་ཐོབ་པ་ནི། ཕོ་