R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A): ༧༣
[A:༧༣]ཐ་མལ་དུ་ཤ་ཆང་ཞལ་ལ་མི་རེག་སྐད་དོ། །དགུང་ལོ་བཅུ་པ་ལ་སྡོམ་པ་ཉི་ཤུ་པ་དང༌། སྒྲུབ་ཐབས་མཚོ་སྐྱེས་གསན་ནས། བཅུ་གཅིག་པ་ལ་གསུངས་པས་ཚོགས་པ་ཐམས་ཅད་ངོ་མཚར་སྐྱེས་ཏེ་བློ་གྲོས་ཆེན་པོ་ཞེས་བྱ་བར་བཏགས་སོ། །བཅུ་གཉིས་པ་ལ་ཀྱེ་རྡོར་རྒྱུད་གསུམ་གྱི་པུསྟི་གསོལ་བའི་མནལ་ལམ་བྱུང་བ་དང༌། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཐུགས་སུ་ཆུད་དོ། །དེའི་ཚེ་ས་ཆེན་གཤེགས་ནས་ཆོས་འཁོར་ཆེན་པོ་མཛད་དེ། རང་གི་སློབ་མ་ལ་བརྟག་གཉིས་གསུངས་པས་ངོ་མཚར་བར་གྱུར་ཏོ། །བཅུ་གསུམ་པ་ལ་གཅེན་དབུས་སུ་གཤེགས་པའི་ཚེ་གདན་ས་གཏད། དེ་ནས་བཟུང་སྟེ་བདུན་ཅུའི་བར་ལ་སྔགས་ཀྱི་བཤད་པ་མཛད་ཅིང་གསུང་ངག་ཀྱང་བླ་མའི་བཀའ་རྒྱ་ལོ་དགུ་མཛད་པ་ལས་བཅུུ་གསུམ་གྱི་བར་མ་གསུངས་ཤིང༌། དེ་དག་གི་བར་ལ་ས་ཆེནསློབ་དཔོན་རིན་པོ་ཆེགཉེན་གཙུག་ཏོར་རྒྱལ་པོཞང་ཚུལ་ཁྲིམས་གྲགསགཉན་དབང་རྒྱལབལ་པོ་ཛ་ཡ་སེ་ནལོ་ཙཱ་བ་དར་མ་ཡོན་ཏནསུམ་པ་ལོ་ཙཱ་བ་དཔལ་མཆོག །དང་པོའི་རྡོ་རྗེ་ལ་སོགས་པ་ལས་རྒྱུད་སྡེ་བཞིཕར་ཕྱིན་ལ་སོགས་པའི་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་གསན་ཅིང་ཐུགས་སུ་ཆུད་པར་མཛད་དོ། །ཆོས་གང་ཞུས་ཀྱང་དེ་མ་ཐག་ཐུགས་ལ་གསུང་བ་ལས་ཕྱིས་བྱ་གསུང་པའི་ལུགས་མེད། གཞན་ཡང་རྗེ་ན་རེ། ང་ཐོས་རྒྱ་ཅན་ཞིག་མིན་ཏེ། བལྟས་རྒྱ་ཅན་ཞིག་ཡིན། བཀའ་སྡེ་སྣོད་ཀྱི་ཆོས་ལ་མ་བལྟས་པ་ཙམ་མེད། འོན་ཀྱང་དགེ་སློང་ཞིག་བསྒྲུབ་དགོངས་ནས་འདུལ་བ་ལུང་འདི་ཕྱི་མོ་ཐུབ་པ་མ་གཟིགས། དེ་ནས་དགེ་སློང་མི་འགྲུབ་པར་འདུག་ནས་ལུང་ཡང་གཟིགས། ཐུགས་དམ་ལ་ཤིན་ཏུ་བརྩོན་