R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A): ༨༢
[A:༨༢]གཅིག་ལ་བདེ་བར་གཤེགས་སོ། Biographical Sketch of Sa paN །གཉིས་པ་དེ་ལས་འཕྲོས་པའི་ལོ་རྒྱུས་ལ། ཆོས་རྗེ་པ་དང༌། ཆོས་ཀྱི་རྒྱལ་པོའི་རྣམ་ཐར་གཉིས་ཀྱི། དང་པོ་ནི། རྗེ་བཙུན་ཆེན་པོ་དེ་ཉིད་ཀྱི་ཆོས་ལས་སྐྱེས་པའི་སྲས་ནི་ཆོས་ཀྱི་རྗེ་ཆེན་པོ་སྟེ། མཚན་ཀུན་དགའ་རྒྱལ་མཚན་ཞེས་བྱ་བ་ཡིན་ནོ། །དེའང་ཡུམ་གྱི་ལྷུམས་སུ་ཞུགས་པ་ན་ཀླུའི་རྒྱལ་པོ་རིན་པོ་ཆེའི་རྒྱན་མིག་གིས་བལྟར་མི་བཟོད་པ་ཞིག་གིས་ཁྱེད་ལ་གནས་གཡར་ཟེར་བ་རྨི་ཞིང༌། ལྷུམས་སུ་ཞུགས་པ་ན་ཡུམ་ལ་ཏིང་ངེ་འཛིན་བཟང་པོ་སྐྱེས། སྐུ་བལྟམས་པ་ན་བར་སྣང་འོད་ཀྱིས་ཁྱབ་པ་དང༌། བལྟམས་ནས་གོག་ཐུབ་པ་ན་སྔ་མའི་བག་ཆགས་སད་པས་སཾ་སྐྲྀ་ཏའི་སྐད་སྨྲ་བ་འགའ་རེ་བྱུང༌། མས་འདི་ལ་གུ་བ་ཞིག་འོང་བ་ལགས་སམ། གཏམ་གོ་རྒྱུ་མེད་པ་སྨྲ་ཡིན་གདའ་ཞུས་པས། རྗེ་པས་སཾ་སྐྲྀ་ཏའི་སྐད་མཁྱེན་པས་གཟིགས་ནས། ཁྱོད་ཀྱི་བུུ་ལ་གུ་བ་བྱུང་དོགས་མེད་སྐད། དེའི་ཚེ་ཕྱག་མཛུབ་ཀྱིས་ནཱ་ག་ར་དང་ལཉྪ་ལ་སོགས་པ་རྒྱ་གར་གྱི་ཨཱ་ལི་ཀཱ་ལི་ཚང་བར་བྲིས་ནས་ཀློག་པའི་ཚུལ་མཛད། མི་འགོམས་པར་ཕྱག་གིས་ཕྱིས་ནས་བཏང་བ་དང༌། རྒྱ་ཀློག་བོད་ཀློག་མ་བསླབས་པར་མཁྱེན་པ་དང༌། ཆེར་སྐྱེས་ནས་རྒྱ་བོད་ཀྱི་ཡི་གེའི་རིགས་དང༌། རྩིས་དང༌། གསོ་དཔྱད་དང༌། བཟོའི་གནས་སྣ་ཚོགས་ལ་མ་བསླབས་པར་མཁྱེན་པས་ཀུན་གྱི་ངོ་མཚར་དུ་འཛིན་ཏོ། །གཞན་ཡང་གཞོན་ནུ་ཉིད་ནས་རྗེ་བཙུན་ཆེན་པོ་ལས་དབང་བསྐུར་ནོད་དེ། མངོན་རྟོགས་རྒྱས་འབྲིང་ལ་སོགས་པ་དང་རྒྱུད་གསུམ་ལ་གསན་སྦྱོང་མཛད་ནས། དགུང་ལོ་དགུ་པ་ལ་མཚོ་སྐྱེས། བཅུ་གཅིག་པ་ལ་བརྟག་གཉིས། བཅུ་བཞི་པ་ལ་སམྦུ་ཊི་གསུངས། བཅོ་ལྔ་པ་ལ་ཡབ་མེས་ཀྱི་ཆོས་ཐམས་ཅད་ཐུགས་སུ་