[A:༩༦] ཆོས་དུང་དང་ལྷུང་བཟེད་ལ་སོགས་པ་གནང༌། སློབ་མའི་ཚོགས་རྣམས་གཏད་ནས། བསྟན་པའི་བྱ་བ་དང༌། སེམས་ཅན་མང་པོའི་དོན་བྱ་བའི་དུས་ལ་བབས་པས། སྔོན་གྱི་དམ་བཅས་དྲན་པར་གྱིས་ཤིག་ཅེས་པའི་སྒོ་ནས་བསྟན་པ་གཏད་དོ། །གཉིས་པ་ནི། གླང་ལོ་ལ་སེ་ཆེན་གྱིས་གདན་དྲངས་ནས་ཕོ་བྲང་དུ་བྱོན་ཏེ། རྒྱལ་པོས་གཞན་གྱིས་ལན་མ་ཐེབས་པའི་ཐེ་ཚོམ་མང་པོ་དྲིས་པའི་ལན་རྒྱུ་མཚན་དང་བཅས་པ་གསུངས་པས་མཉེས་ཏེ། རྒྱལ་པོས་ཞུས་པའི་ངོར། རྒྱལ་པོ་ཉིད་ཀྱིས་ཐོག་དྲངས་པའི་མི་ཉི་ཤུ་རྩ་ལྔ་ལ་ཀྱེ་རྡོ་རྗེའི་དབང་བསྐུར་ནས་ཧོར་གྱི་རྒྱལ་ཁམས་སུ་རྡོ་རྗེ་ཐེག་པའི་དབུ་བརྙེས་སོ།
'Phags pa's ordination
དེའི་ཕྱི་དེ་ལོ་རྒྱལ་པོས་ལྗང་ཡུལ་དུ་དམག་ལ་ཕྱིན་དུས་བླ་མ་བྱང་ངོས་སུ་བྱོན་ཏེ་ཆོས་རྗེའི་སྐུ་འབུམ་ལ་རབ་གནས་མཛད་ནས་དབུས་གཙང་དུ་བྱོན་ཏེ། ཆོས་རྗེ་པའི་གསུང་བཞིན་འུ་ཡུག་པ་ལས་བསྙེན་རྫོགས་ཞུ་བ་དང༌། སྔར་མ་གསན་པའི་ཆོས་མང་དུ་གསན་དགོས་དགོངས་ནས་མདོ་ཁམས
་བར་བྱོན་པ་དང༌།
འུ་ཡུག་པ་གླང་ལོ་ལ་སྐུ་གཤེགས་ཞེས་ཕྱོགས་ཀྱི་འགྲུལ་ལས་ཐོས་ནས། ཕྱིར་ལོག་སྟེ་རྒྱལ་པོ་ཚུར་བྱོན་པ་དང་ལྷན་ཅིག་རྒྱ་ཡུལ་དུ་བྱོན་ནས། རྒྱ་ཧོར་གྱི་ས་མཚམས་ཐེ་ལེར་ཞེས་བྱ་བ་ཆུ་བོ་ཆེན་པོའི་འགྲམ་ན་ཡོད་པ་ཞིག་གི་འུར་ཐོར་ཞེས་བྱ་བ། དགུང་ལོ་ཉེར་གཅིག་པ་ཤིང་མོ་ཡོས་ལོ་ཟླ་བ་ལྔ་པའི་ཚེས་བཅུ་བཞིའི་ཉིན་མཁན་པོ་གྲགས་པ་སེང་གེ །ལས་སློབ་ཇོ་གདན་བྱང་ཐང་བ་བསོད་ནམས་རྒྱལ་མཚན། གསང་སྟོན་པ་ཡར་ཀླུང་པ་བྱང་ཆུབ་རྒྱལ་མཚན། དད་དགེ་བ་ཆོས་རྗེ་པའི་བུ་རྒན་མང་རབ་མཁན་པོ་སྒྲོ་དང༌། གནམ་འཕར་བ་ཚུལ་རིན་ལ་སོགས་པ་ཉི་ཤུའི་དབུས་སུ་བསྙེན་པར་རྫོགས་ནས། མཁན་པོ་ལས་ཕར་ཕྱིན་འགྲེལ་ཆུང་དང་ཚིག་གསལ་ལ་