R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A): ༩༧
[A:༩༧]སོགས་པ་དང༌། སློབ་དཔོན་ལས་སོ་ཐར་དང༌། མདོ་རྩ་ལ་སོགས་པ་དང༌། གསང་སྟོན་ལས་སྡེ་བདུན་ལ་སོགས་པ་མང་དུ་གསན་ཏེ་མཐར་ཕྱིན་པར་མཛད་དོ། ཉེར་གསུམ་པ་ལ་ལྡོང་སྟོན་གདན་དྲངས་ནས་རྩེ་ལྔར་བྱོན་ཏེ། གཤིན་རྗེའི་གཤེད། གདན་བཞི། མ་ཧཱ་མཱ་ཡཱ། རྡོར་དབྱིངས། དུས་འཁོར་རྣམས་དབང་རྒྱུད་འགྲེལ་པ་ཆ་ལག་དང་བཅས་པ། མཚན་བརྗོད། གསང་འདུས། གྲུབ་སྙིང་ལ་སོགས་པ་སྔགས་ཀྱི་སྐོར་དང༌། རིགས་ཚོགསབསྟོད་ཚོགསམངོན་པ་ཀུན་ལས་བཏུས་ལ་སོགས་པ་མཚན་ཉིད་ཐེག་པའི་སྐོར་མང་དུ་གསན་ནོ། །དེའི་ཚེ་འཇམ་དབྱངས་ཀྱི་རྣམ་འཕྲུལ་སྔོན་མ་བྱུང་བའི་འོད་ཀྱི་དྲྭ་བས་བསུ་བ་དང༌། མཆོད་པའི་ཁྱད་པར་དུ་མ་ཐམས་ཅད་ཀྱིས་མངོན་དུ་གྱུར་པར་སྣང་ངོ༌། །གཞན་ཡང་ལོ་དེ་ཉིད་ཀྱི་ཟླ་བ་བཞི་པའི་ཚེས་བཅུ་གསུམ་གྱི་མཚན་མོ་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་གསལ་བར་བྱོན་ནས་ཆོས་ཀྱི་གནད་མང་དུ་གསུང༌། ཁྱོད་འདི་ནི་བཟུང་སྟེ་ལོ་འབུམ་ཕྲག་གཅིག་དང་སྟོང་འདས་པའི་རྗེས་སུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་ལུང་བསྟན་ཅིང༌། དབུགས་དབྱུང་བའི་ངང་ཉིད་ལས། སྲིད་པར་སྡུག་བསྔལ་དུ་མ་ཡིས། །ཡུན་རིང་དུས་སུ་དུབ་པ་བདག །ལེགས་པར་གསུངས་པས་དབུགས་ཕྱིན་པ། །ཐུགས་རྗེའི་དབང་ཕྱུག་མཁྱེན་པའི་གཙོ། །ཆོས་ཀྱི་རྗེ་ལ་ཕྱག་མཚལ་ལོ། །ཞེས་བསྟོད་པ་མཛད་ཅེས་གསུངས་སོ། །དེ་ནས་སླར་རྒྱལ་པོའི་ཕོ་བྲང་དུ་བྱོན་ནས་ཆོས་འཁོར་རྒྱ་ཆེན་པོ་བསྐོར་བའི་ཚེ། ཐ་ཤང་ལ་གྱིན་ཞེས་པའི་རྗེས་སུ་འབྲངས་པའི་ཟིན་ཤིང་གི་རབ་ཏུ་བྱུང་བ་མང་པོ་ཡོད་པས་ལྟ་བ་ངན་པ་ལ་ཞེན་པ་དག་རང་གཞན་ལ་གནོད་པར་འགྱུར་བ་གཟིགས་ནས། རྒྱལ་པོའི་བཀས་བསྐུལ་ཏེ། ཟིན་ཤིང་གི་སྟོན་པ་རིང་དུ་སྦྱངས་པ་རང་གི་