R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A): ༩༨
[A:༩༨]གཞུང་ལུགས་མཐར་སོན་པ་བཅུ་བདུན་རིགས་པས་ཕམ་པར་མཛད་ནས་རབ་ཏུ་བྱུང་སྟེ་ཡང་དག་པའི་ལྟ་བ་འཛིན་དུ་བཅུག་གོ Teachers of 'Phags pa །དེ་ནས་དགུང་ལོ་སུམ་ཅུ་པའི་དུས་གླང་ལོ་ལ་ཡར་བྱོན་ཏེ། གདན་སར་ཕྱགས་ཕེབ་ནས་ཆོས་འཁོར་རྒྱ་ཆེན་བསྐོར་ནས་འགྲོ་བ་མང་པོ་སྨིན་གྲོལ་གྱི་ལམ་ལ་བཀོད། བདག་ཉིད་ཀྱིས་ཀྱང་གཉན་འོད་སྲུངསགྲུབ་ཐོབ་ཡོན་དཔལམཆིམས་ནམ་མཁའ་གྲགསཚོགས་སྒོམ་ཀུན་དགའ་དཔལཁ་ཆེའི་པཎྜི་ཏ་ཏ་ཐཱ་ག་ཏ་བྷ་དྲཞང་ཞུང་རྡོ་རྗེ་འོད་ཟེརགློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེནརོང་པ་རྒྭ་ལོརིན་པོ་ཆེ་སྐྱོབ་པ་དཔལཆག་ཉི་མ་དཔལསྟག་སྟོན་ཤེས་རབ་འོད་ཟེར མངོན་པ་རིན་ཆེན་རྡོ་རྗེའབུམ་པ་འོད་ཟེར་ཤེས་རབམདོག་སྟོད་པ་འདུལ་འཛིན་ཤཱཀྱ་བྱང་ཆུབམཁན་པོ་སེང་གེ་ཟིལ་གནོནའབྲས་ཁུད་པམངོན་པ་བ་བྱང་ཆུབ་བརྩོན་འགྲུསརི་ལུང་ཕུག་རོང་པ་ཆོས་མགོནསློབ་དཔོན་ལྷ་བཙུནལྷ་རྗེ་དར་མ་སེང་གེདབུས་
ཆུ་བོ་རི་བ་
པ་སངས་རྒྱས་འབུམ
་རྣམས་ལས་བརྒྱུད་ནས་ཕྱི་རོལ་པ་དང༌། ནང་པའི་རིག་པའི་གནས་ལྔ། སྡེ་སྣོད་གསུམ། རྒྱུད་སྡེ་བཞི་དང་འབྲེལ་བའི་བསྟན་བཅོས། མདོ་རྒྱུད། དེའི་དབང་བྱིན་རླབས་མན་ངག་ཆ་ལག་དང་བཅས་པ། བོད་ན་ཡོད་ཚད་ཕལ་ཆེ་བ་ཞིག་ཞུས་ཏེ། དེ་ལྟར་དམ་པའི་ཆོས་ཀྱི་ཆེད་དུ་དཀའ་བ་དཔག་ཏུ་མེད་པ་མཛད་པ་ནི། སངས་རྒྱས་ཀྱི་བསྟན་པ་མི་ནུབ་པར་གྱུར་ཅིག་སྙམ་དུ་དགོངས་ནས་གཞན་དོན་འབའ་ཞིག་གི་ཕྱིར་མཛད་པ་ཡིན་ནོ། །སླར་ཡང་རྒྱལ་པོས་སྤྱན་དྲངས་པའི་ངོར་རྒྱ་ཡུལ་དུ་བྱོན་ནས་གདུལ་བྱ་སྨིན་གྲོལ་གྱི་ལམ་ལ་བཀོད་དེ། སླར་ཡང་བྱི་བ་ལོ་ལ་གདན་སར་ཕྱགས་ཕེབ་བོད་