[A:༩༩]ན་ཡོད་པར་གྲགས་པའི་མདོ་རྒྱུད་མན་ངག་གི་སྐོར་ཕྲ་ཞིང་ཕྲ་བ་དང་བཅས་པ་ཐམས་ཅད་ང་ལ་ཡོད་པས་ཁྱེད་རང་སོ་སོ་གང་ལ་གང་འོས་པའི་ཆོས་ང་ལ་ཞུས་ཤིག །ཞེས་གསུངས་ནས་ཤིན་ཏུ་ཟབ་པ་དང་རྒྱ་ཆེ་བའི་སྒོ་གྲངས་ལས་འདས་པ་དཔེ་མཁྱུད་མེད་པར་གནང་ཞིང༌། ཟང་ཟིང་གི་སྦྱིན་པ་རྒྱ་ཆེན་པོའང་མཛད་དེ། དེའང་ཆུ་མིག་ཏུ་དགེ་འདུན་ཁྲི་ཕྲག་བདུན་ལ་ཆོས་འཁོར་རྒྱ་ཆེན་པོ་མཛད་ཅིང༌། མདོ་ཁམས་སྒང་དུ་གསེར་གྱི་པུསྟི་བརྒྱ་དང་བཅོ་ལྔ་དང༌། སྟག་ཐོག་གཞིས་མོ་ཆེར་མདོ་མང་པུསྟི་བཞི་བཅུ་གསེར་ལས་བཞེངས་ཤིང༌། གཞན་ཡང་ཆོས་རྗེ་པའི་ནང་རྟེན་གསེར་གྱི་སྒོ་མང་དང༌། དེ་ཉིད་ཀྱི་བཞུགས་གནས་གཙུགས་ལག་ཁང་གི་གསེར་ཐོག་ཆེན་མོ་ལ་སོགས་པ་བཞེངས་ཏེ། མདོར་ན་ཉིན་རེ་ཞིང་ཡང་འབྱོར་པའི་ཁྱད་པར་ཚད་མེད་པ་ཕྱག་ཏུ་བབས་པ་རྣམས་ཀྱང་རང་དོན་དུ་ཏིལ་འབྲུ་ཙམ་ཡང་མི་འཛིན་པར་དཀོན་མཆོག་གསུམ་མཆོད་པ་དང༌། ཕོངས་པ་རྣམས་ལ་ཅི་དགར་སྦྱིན་པར་མཛད་པ་ཡིན་ལ། དེའི་རྣམ་སྨིན་གྱི་འབྲས་བུ་དཔལ་འབྱོར་ཡང་ཚད་མེད་པ་མངའ་སྟེ། སྔ་ཕྱིར་གསུང་རབ་ལའང་བཀའ་འགྱུར་རོ་འཚལ་དྲུག་གིས་སྣ་དྲངས་པའི་མཐུན་སྣང་དུ་གྲུབ་པའི་འབུལ་བ་ལ་བྱུང་བའི་གསེར་ཆོས་ཉིས་སྟོང་བརྒྱ་ང་བདུན་གྱིས་གཙོར་བྱས་གྲངས་ལས་འདས་པ་དང༌། ཟང་ཟིང་ལའང་སེ་ཆེན་གྱིས་སྔ་ཕྱིར་དངུལ་བྲེ་སྟོང་རྭ་ཅན་ལན་གཉིས་ཕུལ་བས་ཐོག་དྲངས་པ་བརྗོད་པར་མི་ནུས་པའི་ལོངས་སྤྱོད་འབུལ་བ་བྱུང་ཞེས་གྲགས་སོ།
Bestowing Ordinations
།གཞན་ཡང་ཚུལ་ཁྲིམས་ཀྱི་བསླབ་པའི་སྒོ་ནས་ཀྱང་འགྲོ་བ་མང་པོའི་དོན་མཛད་དེ། སྔ་ཕྱིར་རང་ཉིད་ཀྱིས་དགེ་སློང་ཕ་མ་དང༌། དགེ་ཚུལ་ཕ་མ་སྟོང་བཞི་བརྒྱ་ཉི་ཤུ་རྩ་ལྔའི་མཁན་པོ་མཛད། ཉིད་ཀྱི་སློབ་