[A:༤༢༨]བརྩེའི་དབང་ཕྱུག་གིས་ཟིན་བྲིས་སུ་མཛད་པའི་ཁྲིད་ཡིག་གསང་ཆེན་བསྟན་པ་རྒྱས་བྱེད་ཁའུ་བྲག་རྫོང་པའི་བཞེད་པ་མ་ནོར་བ་ལ་གཞི་བྱས། བུམ་དབང་རྨི་ལམ་མན་ཆོད་ཀྱི་ཁྲིད་རྩོམ་འཕྲོ་ལུས་པ་རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོས་མཛད་པ་དང། སྣང་གསུམ་གྱི་སྒྲོ་འདོགས་གཅོད་པའི་སྐབས་སུ་མཁྱེན་བརྩེས་མཛད་པའི་ཐོག་མར་མན་ངག་གི་བྱུང་ཚུལ་དང། བྱུང་བའི་ཆོས་ལ་བཤད་སྒྲུབ་བྱ་ཚུལ་གཉིས་ཟིན་ཐུན་དུ་འཆད་པ་སོགས་དང༌། གཞན་ཡང་ཞི་ལྷག་གི་སྐབས་སོགས་གོང་འོག་ཀུན་ཏུ་གསལ་བྱེད་རྒྱབ་སྐྱོར་དགོས་པ་རྣམས་མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་ཁྲིད་ཡིག་ལས་ཀྱང་ཞལ་བསབས། སྔོན་འགྲོ་ཐེག་པ་ཐུན་མོང་བའི་ཉམས་ལེན་སྣང་བ་གསུམ་གྱི་སྒོ་ནས་དཀྲི་བའི་ཁྲིད་ཤིན་ཏུ་སྨིན་པ་ཞག་མང་པོའི་བར་ཞིབ་རྒྱས་སུ་སྩལ་ནས་ངེས་འབྱུང་དང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་ཁ་བསྒྱུར་བར་མཛད། དེ་རྗེས་མཎྜལ་ཚོམ་བུ་ལྔ་པ་ལ་བརྟེན་ནས་བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་སེམས་བསྐྱེད་ངག་ཆོས་ཀྱིས་མཛད་པའི་སེམས་ཉིད་ངལ་འཚོའི་བདུད་རྩི་ལྟར་མཛད། དེ་ནས་དབང་གི་མངོན་པར་རྟོགས་པ་བརྒྱད་དམ། བཅུ་དྲུག་གི་སྒོ་ནས་སྨིན་པར་བྱ་དགོས་པ་ལས། ཐོག་མར་སློབ་མ་རྗེས་འཛིན་གྱི་རིམ་པ་ངག་ཆོས་ཀྱི་ཡིག་ཆ་ལྟར་དང༌། གསག་སྦྱང་གི་དམིགས་ཁྲིད་ཕྱག་ལེན་བཞིན་སྩལ་ནས། སློབ་དཔོན་ཉིད་སྒྲུབ་བསྙེན་ཞག་བདུན་མཛད་ཅིང༌། དེའི་རིང་ལ་སློབ་མ་རྣམས་གསག་སྦྱང་ལ་འབད། དེ་ནས་དཔལ་ཀྱེ་རྡོ་རྗེའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་མངོན་རྟོགས། ལུས་དཀྱིལ། གཏོར་ཆོག །དབང་ཆུ་བཅས་མཛེས་རྒྱན་དང༌། མཚམས་སྦྱོར་རྒྱས་པ་ལུང་རིག་མན་ངག་གི་