[A:༤༢༩]གཏེར་མཛོད། མཚམས་སྦྱོར་བསྡུས་པ་སྙིང་པོ་བསྡུས་པ་རྣམས་ཀྱི་སྟེང་དུ་ཚར་ལུགས་ཀྱི་ཕྱག་ལེན་བསབས།། ༈
མུས་ཆེན་གྱིས་མཛད་པའི་མངོན་རྟོགས། ལུས་དཀྱིལ། དབང་ཆུ། དེ་རྣམས་ཀྱི་ལྷན་ཐབས་ཚར་ཆེན་གྱིས་མཛད་པ་བཅས་ཚར་ལུགས་ལྟར་ཡོད་ཀྱང༌། དཀོན་ལྷུན་གྱི་ཡིག་ཆ་དང་ཁྱད་པར་མེད་གསུངས།
དམ་ཚིག་དང་སྡོམ་པའི་ཐོབ་མཚམས་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་མཛད་པའི་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་བཤད་ལས་ཀྱང་ཁ་བསྐངས་ཏེ། ནུབ་དང་པོ་སྟ་གོན་དང༌། དངོས་གཞིའི་དབང་ཡོངས་སུ་རྫོགས་པ་དང༌། དེ་དང་ལྷན་ཅིག་རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག་གི་ཡིག་སྟེང་ནས་ཨཥྟཱའི་བཟླས་ལུང་དང་བཅས་པ་སློབ་བཤད་པའི་ཁྱད་ཆོས་རྣམས་གཞན་དང་མ་འདྲེས་པར་མཐའ་ཆོད་ཅིང༌། སྦྱང་གཞི་སྦྱོང་བྱེད་ངོ་འཕྲོད་པའི་རྒྱུ་དུས་ཀྱི་དབང་བསྐུར་བ་སྨིན་རྒྱས་ལེགས་པར་ཐོབ་བོ།། །། ༈ དེ་ལྟར་སྨིན་ཟིན་གྲོལ་བར་བྱ་བའི་སླད་དུ་འཇམ་དབྱངས་མཁྱེན་བརྩེའི་ཡིག་ཆ་ལ་མང་ཐོས་ཀླུ་སྒྲུབ་ཀྱི་གསུང་གིས་བརྒྱན་ཏེ། དབང་གི་ཡེ་ཤེས་ལ་གང་ཟག་གི་བདག་ཏུ་ལོག་པར་རྟོག་པ་དགག་པའི་ཕྱིར་ཀུན་གཞི་རྒྱུ་རྒྱུད་ལ་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་བསྒོམ་པའི་ཁྲིད་ལ་ནང་གསེས་སུ་ལྷན་ཅིག་སྐྱེས་པའི་ཆོས་གསུམ་གྱིས་སེམས་ཐག་ནང་ནས་གཅད། ཉམས་སུ་བླང་བའི་གནད་གསུམ་གྱི་སྒོ་ནས་བརྟན་ཞིང་བོགས་དབྱུང་བ། རྒྱུད་གསུམ་གྱི་སྒོ་ནས་ཤིན་ཏུ་ཟབ་རྒྱས་སུ་བཤད་པའི་ཉམས་ཁྲིད་ཤིན་ཏུ་ཞིབ་པའི་སྒོ་ནས་རིག་ཐོག་ཏུ་བརྡར་ཤ་བཅད་དེ་གཞི་དུས་ཀྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོག་མེད་དེ་ངོ་འཕྲོད་ངེས་པ་དང༌། དེ་དག་གི་སྐབས་སུ་ཚར་ཆེན་རིན་པོ་ཆེས་མཛད་པའི་བླ་མ་ལྔ་བཅུ་པའི་འགྲེལ་