R216: གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ངོར་ལུགས་ཐུན་མིན་སློབ་བཤད་དང།་ཐུན་མོང་ཚོགས་བཤད་ཐ་དད་ཀྱི་སྨིན་གྲོལ་ཡན་ལག་དང་བཅས་པའི་བརྒྱུད་ཡིག་གསེར་གྱི་ཕྲེང་བ་བྱིན་ཟབ་འོད་བརྒྱ་འབར་བ།

  • Pagination (Witness A): ༤༤༠
[A:༤༤༠]གཉིས། གཉིས་ཀ་ལས་དཔལ་ལྡན་ཚུལ་ཁྲིམས། དེ་ནས་བུདྡྷ་ཤྲཱི། ངོར་ཆེན། མུས་ཆེན། བདག་ཆེན། རྡོ་རིང༌། ཚར་ཆེན། ཀླུ་སྒྲུབ། ངག་ཆོས། ངག་དབང་བསོད་ནམས་རྒྱལ་མཚན། མཁན་ཆེན་རྒྱལ་བ་ལྷུན་གྲུབ། སྤྲོ་ལུང་པ་བསོད་ནམས་ཆོས་འཕེལ། རྒྱལ་རོང་སངས་རྒྱས་བསྟན་པ། རྗེ་སངས་རྒྱས་དཔལ་བཟང༌། མུས་པ་བསོད་ནམས་དཔལ་བཟང༌། ས་སྐྱ་པ་ཀུན་དགའ་བློ་གྲོས། བྱམས་པ་ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། རིགས་ཀུན་ཁྱབ་བདག་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། དེས་བདག་བློ་གཏེར་དབང་པོ་ལའོ།། །།ལམ་སྦས་བཤད་ཀྱི་ཁྲིད་དངོས་བདག་ཆེན་གྱི་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། ས་པཎ་ཡན་འདིའི་བྱིན་རླབས་ཀྱི་བརྒྱུད་པ་ལྟར་ལ། དེ་ནས་ཆོས་འཕགས། ཞང་དཀོན་མཆོག་དཔལ། ནཱ་བཟའ་བྲག་ཕུག་པ། བླ་མ་དམ་པ། དཔལ་ལྡན་ཚུལ་ཁྲིམས། བུདྡྷ་ཤྲཱི། ངོར་ཆེན། མཁས་གྲུབ་དཔལ་ལྡན་རྡོ་རྗེ། རྗེ་ཀུན་དགའ་མཆོག་གྲུབ། ཐམས་ཅད་མཁྱེན་པ་ཀུན་དགའ་གྲོལ་མཆོག །བྲག་སྟོད་པ་ལྷ་དབང་གྲགས་པ། ཏཱ་ར་ནཱ་ཐ། རྗེ་ཕྲིན་ལས་དབང་མོ། མཁན་རིན་ཆེན་རྒྱ་མཚོ། དགེ་སློང་སྙིང་པོ་མཐའ་ཡས། རྫ་སློང་དཀར་བ་གྲུབ་དབང་ཀུན་བཟང་དབང་པོ། རིག་འཛིན་ཚེ་དབང་ནོར་བུ། ཕྱི་མ་གཉིས་ཀ་ལས་སློང་དཀར་གྱི་བླ་མའི་དབོན་པོ་ངག་དབང་རྣམ་རྒྱལ། དེ་དབོན་ཀུན་བཟང་ཆོས་འབྱོར། ཕུན་གླིང་རྡོ་རྗེ་སློབ་དཔོན་བློ་བཟང་མཐུ་སྟོབས། སྤྲུལ་སྐུ་ཉི་མ་ཆོས་འཕེལ། རིན་ཆེན་བློ་གསལ་བསྟན་སྐྱོང༌། རྗེ་བླ་མ་