R216: གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ངོར་ལུགས་ཐུན་མིན་སློབ་བཤད་དང།་ཐུན་མོང་ཚོགས་བཤད་ཐ་དད་ཀྱི་སྨིན་གྲོལ་ཡན་ལག་དང་བཅས་པའི་བརྒྱུད་ཡིག་གསེར་གྱི་ཕྲེང་བ་བྱིན་ཟབ་འོད་བརྒྱ་འབར་བ།

  • Pagination (Witness A): ༤༤༦
[A:༤༤༦]འགྲོའི་སྦྱིན་སྲེག་བསྡུས་པ། གྲིབ་མ་ཁྲུས་དང་སཱཙྪས་སེལ་བ། ཐིག་ལེ་སྲུང་བ། ཡི་གེ་བརྒྱ་པ་འདོན་ཐབས། རླུང་སྦྱོར་བདུན་གྱི་ལམ་ཁྲིད་པ། བྷ་གའི་ཡི་གེ་བཅུ་བཞི། གསང་དབང་གི་སྐབས་སུ་འཁོར་ལོ་བཞིའི་རྒྱ། བཞི་པའི་སྐབས་སུ་དབང་ཕྱུག་གི་དོན་བརྒྱད། ས་བཅུ་གསུམ་པ་ཕྱེད་འོག་མའི་མངོན་རྟོགས་ཏེ་གསལ་བྱེད་ཀྱི་ཡིག་ཆུང་ཉི་ཤུ་རྩ་གཉིས་དང༌། ཐམས་ཅད་ཀྱི་དོན་བསྡུས་པ་ཨ་སེང་མ་དང་ཆོས་སྣ་ཉེར་ལྔའོ། །ཀུན་གཞི་རྒྱུ་རྒྱུད་ལས་འཕྲོས་པ་འཁོར་འདས་དབྱེར་མེད་ཀྱི་ལྟ་བའི་རྩ་འགྲེལ། གདན་སོགས་ལས་འཕྲོས་པ་དབང་བཞིའི་ཆོ་ག་མདོར་བསྡུས་པ་མན་ངག་གི་གནད། མཆོག་དབང་གསུམ་གྲོལ་ལམ་ལ་བརྟེན་ནས་བསྐུར་ཚུལ། ལམ་སོགས་ལས་འཕྲོས་པ་ཕྱི་བསྐྱེད་པའི་རིམ་པ་རྒྱས་འབྲིང་བསྡུས་གསུམ། དམ་ཚིག་ལས་འཕྲོས་པ་བདུད་རྩི་རིལ་བུའི་སྒྲུབ་ཐབས། བདག་མེད་མའི་བྱིན་རླབས་
འདི་པོད་དམར་དུ་ཡོད་ཅིང་གྲགས་པས་མཛད་པར་བཞེད།
ཀྱི་བརྒྱུད་པ་མ་ཉམས་པར་བསྐུར་བ་སྟེ་འཕྲོས་དྲུག །སྲུང་བ་སུམ་ཅུ་དང་མན་ངག་གི་གནད་བདུན་ཅུ་ལས་འཕྲོས་པ་བསམ་གཏན་འདོར་བའི་འཕྲང་བདུན། བྱུང་རྒྱལ་དུ་མི་གཏོང་བའི་གནད་བཞི། འབྱུང་བ་ལུས་འཁྲུགས་རླུང་དང་སྤྱོད་ལམ་གྱིས་བསལ་བ། རྣལ་འབྱོར་གྱི་ཕྲིན་ལས་སུམ་ཅུ་རྩ་གཉིས་ཏེ་གེགས་སེལ་གྱི་ཡི་གེ་བཞི་དང་བཅས་པས་བཅུ། དབང་གི་ཆུ་བོའི་ལག་ལེན་རྒྱས་པ། བསྲུང་བའི་དམ་ཚིག་རྩ་ལྟུང་འཁྲུལ་སྤོང༌། རྗེ་བཙུན་ཡབ་ཀྱི་མངོན་རྟོགས་རྒྱས་བསྡུས་ཡན་ལག་བཞི་དྲུག་གཉིས།
འདི་སློབ་དཔོན་རིན་པོ་ཆེས་མཛད།