R216: གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ངོར་ལུགས་ཐུན་མིན་སློབ་བཤད་དང།་ཐུན་མོང་ཚོགས་བཤད་ཐ་དད་ཀྱི་སྨིན་གྲོལ་ཡན་ལག་དང་བཅས་པའི་བརྒྱུད་ཡིག་གསེར་གྱི་ཕྲེང་བ་བྱིན་ཟབ་འོད་བརྒྱ་འབར་བ།

  • Pagination (Witness A): ༤༤༧
[A:༤༤༧]ཡུམ་རྡོ་རྗེ་བདག་མེད་མ་ལྷ་མོ་བཅོ་ལྔའི་སྒྲུབ་ཐབས། ཚོགས་ཀྱི་འཁོར་ལོའི་ཆོ་ག །སྦྱིན་སྲེག་གི་ཆོ་ག་སྟེ་ལས་དང་པོ་པ་དང་ཐུན་མོང་དུ་དགོས་པའི་ཆོས་སྣ་བདུན་པོ་ལོགས་སུ་བཞུགས་པ་བཅས་རྩ་བ་རྡོ་རྗེའི་ཚིག་རྐང་ལས་འཕྲོས་ཏེ་གསུངས་པའི་ཆོས་སྣ་བཅུ་བདུན། ལམ་འབྲིང་པོ་ཆོས་ལྔས་བསྡུས་པ་དང༌། ལམ་བསྡུས་ཏེ་སྒྲུབ་པའི་ལུང་སྦྱིན་པ་གཉིས་ལ་ཡིག་སྣ་རེ་རེ། ལམ་རྒྱས་པའི་ཆ་ལག་གཞུང་ཇི་ལྟ་བ་བཞིན་དཀྲི་བའི་ཁྲིད་ཡིག་ཇོ་ལྕགས་མ། གནད་དྲུག་གིས་དཀྲི་བ། གནད་བཅུ་གཅིག་གིས་དཀྲི་བ། དབང་པོ་རབ་འབྲིང་ཐ་གསུམ་གྱིས་དཀྲི་བ་སྟེ་ཁྲིད་ཀྱི་གཞུང་ཤིང་ཆེན་མོ་བཞི། ལམ་འཇུག་ལྡོག །ཕྱག་རྒྱ་རིམ་གྱིས་འཇུག་ལྡོག །ཤེས་པས་ཕན་འདོགས་པའི་མན་ངག་བདུན། ལམ་བསྲེ་བ་འགྲོས་བཞི་དང་བཅས་པ། ཕྱི་ནང་གི་མཛད་པ་བཅུ་གཉིས་ཏེ་རྟོགས་པ་བསྐྱེད་པའི་ཆོས་ལྔ། རྟོགས་པ་གསལ་བའི་ཕྱིར་འཆི་ལྟས་བརྟག་པ་རྒྱས་པའི་དཔེའུ་རིས། མ་ངེས་པའི་འཆི་ལྟས་ཀྱི་དཔེའུ་ཆུང༌། དེ་གཉིས་དང་འདྲ་མིན་རྩ་བའི་དཔེའུ་རིས་རྒྱས་འབྲིང་བསྡུས་གསུམ། གསུང་ངག་དཀྱུས་མ་དང་སྲས་དོན་མའི་བྷ་གའི་ཡི་གེ་བཅུ་བཞིའི་དཔེའུ་ཆུང་སོ་སོར། ཡང་བྷ་གའི་དཔེའུ་ཆུང་ལུགས་གཅིག་ཉམས་སྐྱེ་ཚུལ་དང་བཅས་པ། ཕྲིན་ལས་སོ་གཉིས་ཀྱི་དཔེའུ་རིས། གེགས་སེལ་གཞན་གྱི་དཔེའུ་རིས་གཉིས། རིགས་དྲུག་གི་སྐྱེ་བ་བརྟག་པའི་དཔེའུ་ཆུང་བཅས་རྣམས་ལ་ཆོས་སྣ་གཅིག་ཏུ་བྱས་པ། གང་ཟག་དབང་པོ་རབ་དང་འབྲིང་གཉིས་བླ་མས་གྲོལ་བས་ལམ་