[A:༤༥༢]གྲུབ། རྗེ་དཔལ་མཆོག་རྒྱལ་མཚན། མཁས་གྲུབ་སངས་རྒྱས་ཕུན་ཚོགས། གོང་མ་ཀུན་དགའ་བཀྲ་ཤིས། ཡབ་རྗེ་བསོད་ནམས་རིན་ཆེན། ངག་དབང་ཀུན་དགའ་བློ་གྲོས། རྗེ་བཙུན་མ་འཆི་མེད་བསྟན་པའི་ཉི་མ། ཡོངས་འཛིན་པ་ཀུན་དགའ་བཀྲ་ཤིས། པདྨ་བདུད་འདུལ་དབང་ཕྱུག །འཇམ་མགོན་ཀུན་དགའ་རྒྱལ་མཚན། ཞྭ་ལུ་བློ་གསལ་བསྟན་སྐྱོང༌། ཐར་རྩེ་མཁན་ཆེན་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། བཀའ་དྲིན་མཉམ་མེད་མངའ་རི་ཆོས་རྗེ་ཀུན་དགའ་འཇམ་དབྱངས། དེས་བདག་བློ་གཏེར་དབང་པོ་ལ་དགེས་པས་སྩལ་བའོ། །ཡང་ན། དཀོན་མཆོག་ལྷུན་གྲུབ་ནས། སངས་རྒྱས་སེང་གེ །ཐར་པཎ་ནམ་མཁའ་དཔལ་བཟང༌། བརྩེ་ཆེན་ཀུན་དགའ་བསོད་ནམས། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། ངག་དབང་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ཀུན་ལེགས། ས་སྐྱ་པ་ཀུན་བློ་མན་གོང་ལྟར། ཡང་ན། ངོར་ཆེན་ནས། གྲུབ་ཆེན་དཀོན་མཆོག་བློ་གྲོས། མཁས་བཙུན་དཔལ་ལྡན་རྒྱལ་པོ། མཁས་པ་བཟང་པོ་དཔལ། གྲུབ་ཆེན་ནམ་མཁའ་དབང་ཕྱུག །ཤེའུ་ལོ་ཙཱ་བ། མཁྱེན་རབ་བསྟན་འཛིན་བཟང་པོ་མན་འདྲའོ།། །།གོང་དཀར་ལུགས་ཀྱི་བརྒྱུད་པ་ནི། ས་པཎ་ནས། ཚོགས་སྒོམ་པ། ཉན་ཆེན་པ། བྲག་ཕུག་པ། བླ་མ་དམ་པ། དེ་ལས་ས་བཟང་མ་ཏི་པཎ་ཆེན་དང༌། ས་སྐྱ་བུ་སྟོན་གཉིས། གཉིས་ཀ་ལས་ཐེག་ཆེན་ཆོས་རྒྱལ། དེ་ནས་བྲག་ཐོག་པ་བསོད་ནམས་