[A:༤༥༣]བཟང་པོ། རྡོ་རྗེ་གདན་པ། བསོད་ནམས་རྒྱལ་མཚན།
རྒྱ་མཚོའང་འདུག །
ཚེ་དབང་བཀྲ་ཤིས། ཚེ་དབང་ཡེ་ཤེས་དབང་པོ། གསེར་གླིང་པ་ཤཱཀྱ་བསམ་འགྲུབ། ཡོངས་འཛིན་ཚུལ་ཁྲིམས་བཀྲ་ཤིས། མགོན་པོ་བསོད་ནམས་མཆོག་ལྡན། དེ་གཉིས་ཀ་ལས་ཞྭ་ལུ་མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། བྱམས་པ་ངག་དབང་ལྷུན་གྲུབ་མན་འདྲ། ཡང་ན། ཐར་པཎ་ནས། ཁྲི་ཆེན་བསོད་ནམས་ལྷུན་གྲུབ། ནམ་མཁའ་སངས་རྒྱས། དེ་གཉིས་ཀ་ལས་དཔལ་མཆོག་མན་འདྲའོ།། །།གཉིས་པ་ནི། པཎྜི་ཏ་ངག་དབང་གྲགས་པས་གསང་འདུས་དང་བརྟག་གཉིས་ཀྱི་དགོངས་པ། རྗེ་བཙུན་སྒྲོལ་མའི་གསུང་ལ་བརྟེན་ནས་ཡན་ལག་བདུན་པ་དང་བཞི་པ་སྣང་བར་བྱེད་པ་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་གདམས་ངག་མཛད་པའི་རྒྱ་གཞུང་མགོར། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཞེས་ཡོད་པ་དང༌། བོད་གཞུང་བློ་གྲོས་བརྟན་པའི་ངོར་རྗེ་བཙུན་གྲགས་པས་གསལ་བྱེད་མཛད་པ་བཅས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྗེ་བཙུན་སྒྲོལ་མ། པཎ་གྲུབ་ངག་དབང་གྲགས་པ། དེ་ཝ་ཨ་ཀ་ར་ཙནྡྲ། དེ་གཉིས་ཀ་ལས་ཇོ་བོ་ཨ་མོ་གྷ་བཛྲ། དེ་ནས་འབྲོག་མི་ལོ་ཆེན་མན་སྔ་མ་ལྟར་རོ།། །།གསུམ་པ་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་གསང་བ་འདུས་པ་ལ་བརྟེན་ནས་མཆོད་རྟེན་དྲུང་ཐོབ་བམ། སེམས་ཐག་གཅོད་པའི་གདམས་ངག་མཛད་པ་དང༌། རྗེ་བཙུན་གྲགས་པས་གསལ་བྱེད་མཛད་པ་བཅས་ཀྱི་བརྒྱུད་པ་ནི།