R216: གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ངོར་ལུགས་ཐུན་མིན་སློབ་བཤད་དང།་ཐུན་མོང་ཚོགས་བཤད་ཐ་དད་ཀྱི་སྨིན་གྲོལ་ཡན་ལག་དང་བཅས་པའི་བརྒྱུད་ཡིག་གསེར་གྱི་ཕྲེང་བ་བྱིན་ཟབ་འོད་བརྒྱ་འབར་བ།

  • Pagination (Witness A): ༤༥༤
[A:༤༥༤] རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། བྲམ་ཟེ་ས་ར་ཧ། འཕགས་པ་ཀླུ་སྒྲུབ། ཨཱརྱ་དེ་ཝ། དགེ་སློང་ནག་པོའི་ཞབས། སློབ་དཔོན་ཙནྡྲ་ཀིརྟི། བྲམ་ཟེ་དཔལ་འཛིན། དཔའ་བོ་རྡོ་རྗེ། འབྲོག་ལོ་མན་གོང་བཞིན་ནོ།། །།བཞི་པ་ནི། སློབ་དཔོན་ནག་པོ་སྤྱོད་པས་དཔལ་སམྤུ་ཊ་དང་འཁོར་ལོ་བདེ་མཆོག་གི་རྒྱུད་ལ་བརྟེན་ནས་ནག་པོ་ཆོས་དྲུག་མཛད་པའི་ནང་ནས་ཨོ་ལ་པ་ཏིའི་མངོན་པར་རྟོགས་པ་ལམ་གྱི་ཉམས་ལེན་རྗེ་བཙུན་གྲགས་པས་གསལ་བྱེད་མཛད་པའི་གཏུམ་མོ་ལམ་རྫོགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། གྲུབ་ཆེན་དྲིལ་བུ་པ། ཀུརྨ་པཱ་ད། ཛཱ་ལེནྡྷ་ར། ཀརྞ་པ། བྲམ་ཟེ་དཔལ་འཛིན། ག་ཡ་དྷ་ར། འབྲོག་ལོ་མན་གོང་དང་འདྲའོ།། །།ལྔ་པ་ནི། ནག་པོ་ཨུ་ཙི་ཊ་འཆི་བ་མེད་པས་མཛད་པའི་དཔྱིད་ཀྱི་ཐིག་ལེའི་རྩ་བའི་སྡོམ་ཉམས་སུ་ལེན་ཚུལ་ཡོན་པོ་བསྲང་བའི་གདམས་ངག་རྗེ་བཙུན་གྲགས་པས་གསལ་བྱེད་མཛད་པའི་ བརྒྱུད་པ་ནི། རྡོ་རྗེ་འཆང༌། ལྷ་དབང་ཕྱུག་ཆེན་པོ། ནག་པོ་ཨུ་ཙི་ཊ། ནག་པོ་སྤྱོད་པ། སློབ་དཔོན་དཔལ་འཛིན། པཎ་ཆེན་ག་ཡ་དྷ་ར། ལོ་ཆེན་འབྲོག་མི་མན་སྔར་ལྟར་རོ།། །།དྲུག་པ་ནི། རྒྱལ་ཆེན་ཨིནྡྲ་བྷཱུ་ཏིས་བླ་མེད་ཀྱི་རྒྱུད་ལ་བརྟེན་ནས་དབང་ཡོན་ཏན་གྱི་རིམ་པ་མཛད་པ། དེའི་ཉམས་ལེན་ཕྱག་རྒྱ་ལམ་རྫོགས་ཀྱི་མགོར། ལྷས་བྱིན་གྱིས་ནི་རྟ་བྱས་ལ། །ཞེས་དང༌། ལོ་རྒྱུས་བཅས་བསྟན་ཟིན་ཏོའི་མཐའ་ཅན་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཨིནྡྲ་བྷཱུ་ཏི་ཆེ་བ། བྲཧྨ་པཱ་ད། བྲམ་ཟེ་མོ་གྲུབ་པའི་རྡོ་རྗེ།