R216: གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ངོར་ལུགས་ཐུན་མིན་སློབ་བཤད་དང།་ཐུན་མོང་ཚོགས་བཤད་ཐ་དད་ཀྱི་སྨིན་གྲོལ་ཡན་ལག་དང་བཅས་པའི་བརྒྱུད་ཡིག་གསེར་གྱི་ཕྲེང་བ་བྱིན་ཟབ་འོད་བརྒྱ་འབར་བ།

  • Pagination (Witness A): ༤༥༥
[A:༤༥༥] ཨིནྡྲ་བྷཱུ་ཏི་བར་པ། སློབ་དཔོན་ཨུ་པ་ལའི་ཞབས། བི་ཨུཏྟ་པཱ་ད། རྒྱལ་པོ་ཛྙཱ་ན་བྷཱུ་ཏི། ཤྲཱོ་ལོ་བྷཱུ་མི། སློབ་དཔོན་པདྨ་བཛྲ། ཌོམྦི་ཧེ་རུ་ཀ །ཨནངྒ་ཨནྟརྦྷ། ལྷ་མོ་བུང་བའི་པདྨ། ལྕམ་ལཀྵྨཱི། ཨིནྡྲ་བྷཱུ་ཏི་ཆུང་བ། བྲམ་ཟེ་རནྟ་བཛྲ། ཤེས་རབ་གསང་བའམ་ཨཱ་ཙཱརྻ་དམར་སེང་དུ་གྲགས་པ། འབྲོག་ལོ་མན་གོང་ལྟར་རོ། །ཉེ་བརྒྱུད་ནི། རྡོ་རྗེ་འཆང༌། ཨིནྡྲ་བྷཱུ་ཏི་ཆེ་བ། ལྕམ་ལེགས་སྨིན། པཎ་ཆེན་ཤེས་རབ་གསང་བ་མན་སྔར་ལྟར་རོ།། །།བདུན་པ་ནི། སློབ་དཔོན་པདྨ་བཛྲའམ་མཚོ་སྐྱེས་རྡོ་རྗེས་རྡོ་རྗེ་གུར་ལ་བརྟེན་ནས་ཀྱེ་རྡོ་རྗེའི་སྒྲུབ་ཐབས་མཚོ་སྐྱེས་མཛད་པའི་རྫོགས་རིམ་མར་མེའི་རྩེ་མོ་ལྟ་བུའི་མན་ངག་པཎ་ཆེན་ག་ཡ་དྷ་ར་དང་ལོ་ཆེན་འབྲོག་མིའི་འགྱུར། དེའི་དོན་ཉམས་སུ་ལེན་ཚུལ་བསྐྱེད་རིམ་ཟབ་པའི་ཚུལ་དགུའི་ལམ་གྱི་གསལ་བྱེད་སྤར་སྟོན་དར་མ་འབྱུང་གནས་ཀྱི་ངོར་རྗེ་བཙུན་རིན་པོ་ཆེས་མཛད་པ་བཅས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། གྲུབ་ཆེན་བི་ལཱ་སྱ་བཛྲ། ཨ་ནངྒ་བཛྲ། པདྨ་བཛྲ། ཨིནྡྲ་བྷཱུ་ཏི། ལྕམ་ལཀྵྨི་ཀ་ར། ནག་པོ་སྤྱོད་པ། བྲམ་ཟེ་དཔལ་འཛིན། ག་ཡ་དྷ་ར། འབྲོག་ལོ་མན་གོང་ལྟར་རོ།། །།བརྒྱད་པ་ནི། སློབ་དཔོན་ཌོམྦི་ཧེ་རུ་ཀས་ཀྱེ་རྡོར་རྩ་རྒྱུད་བརྟག་གཉིས་ལ་བརྟེན་ནས་ལྷན་ཅིག་སྐྱེས་གྲུབ་མཛད། དེའི་དོན་ཉམས་སུ་ལེན་ཚུལ་ལྷན་ཅིག་སྐྱེས་པ་གསུམ་གྱི་མགོར། ཌོམྦི་ཧེ་རུ་ཀ་ནས། ཞེས་དང༌། ཞག་གསུམ་ནས་དེ་ཉིད་ཀྱི་བར་ནས་གང་ཙམ་བསྒོམ། གཞན་ལའང་ཤེས་པར་བྱའོའི་མཐའ་ཅན་དང༌། ཡང་མགོར། སྦྱོར་བའི་ཡུམ་བཞི།