[A:༤༥༦] ཞེས་དང༌། གཞན་ལུས་ཤེས་རབ་དང་ལྡན་པ་གཉིས་ཀ་འགྲེའོའི་མཐའ་ཅན་རྗེ་བཙུན་གྱི་མཛད་པ་བཅས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཌོམྦི་ཧེ་རུ་ཀ །ཨ་ལ་ལ་བཛྲ། སློབ་དཔོན་ནགས་ཁྲོད་པ། གྲུབ་ཆེན་གརྦྷ་རི་པ། སིནྡ་པ། སློབ་དཔོན་དུརྒ་ཙནྡྲ། པྲཛྙཱ་ཨིནྡྲ་རུ་ཙིཿ འབྲོག་ལོ་མན་གོང་ལྟར་རོ།། །། ༈ རྡོ་རྗེའི་ཚིག་རྐང་གི་རྣམ་འགྲེལ་རྒྱས་པ་པོད་གཞུང་སྲས་དོན་མར་གྲགས་པའི་བརྒྱུད་པ་ནི། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། མཁན་ཆེན་བྱང་ཆུབ་དཔལ། བདེ་བ་དཔལ། བཀའ་བཞི་པ་གྲགས་པ་གཞོན་ནུ། རིན་ཆེན་བསོད་ནམས་གྲགས་པ། མཁན་ཆེན་གཞོན་ནུ་མགོན། མཁན་ཆེན་ཤེས་རབ་རྡོ་རྗེ། མཁན་ཆེན་རྒྱལ་བ་བཟང་པོ། མཁན་ཆེན་བྱང་ཆུབ་སེང་གེ །ཤར་ཆེན་ཡེ་རྒྱལ། ངོར་ཆེན་ཀུན་བཟང༌། རྒྱལ་ཚབ་ཀུན་དབང༌། ཡོངས་འཛིན་དཀོན་འཕེལ། ས་ལོ་མཇམ་རྡོར། རྗེ་ཤེས་རབ་རྒྱལ་མཚན། ཐར་རྩེ་པཎ་ཆེན། ཨ་མེས་ཞབས། ངག་ཆོས། བྱམས་པ་ངག་དབང་རྣམ་རྒྱལ། བཀྲ་ཤིས་ལྷུན་གྲུབ། འཕགས་པ་ཆོས་ཀྱི་རྒྱལ་མཚན། བསོད་ནམས་དབང་ཕྱུག །རྒྱལ་རི་ཆོས་ཀྱི་ཉི་མ། །སྔགས་བླ་བཀྲ་ཤིས་ཆོས་བཟང༌། སྤྲུལ་སྐུ་ངག་དབང་བསོད་ནམས། བླ་མ་དགེ་འདུན་རྒྱ་མཚོ། ཁམས་སྟོན་ངག་དབང་བཟང་པོ། ངག་དབང་ལེགས་གྲུབ། ཐམས་ཅད་མཁྱེན་པ་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ།