[A:༤༦༧]ཡོངས་འཛིན་དཀོན་མཆོག་འཕེལ་བ། རྒྱལ་བ་ལྷ་མཆོག་སེང་གེ །འཇམ་དབྱངས་སངས་རྒྱས་སེང་གེ །པཎ་ཆེན་ནམ་མཁའ་དཔལ་བཟང༌། མུས་ཆེན་ནམ་མཁའ་དཔལ་བཟང༌། ཀུན་མཁྱེན་དཔལ་ལྡན་དོན་གྲུབ། འཇམ་དབྱངས་ནམ་མཁའ་སངས་རྒྱས། མཚུངས་མེད་བསོད་ནམས་རྒྱ་མཚོ། མཁན་ཆེན་ལྷུན་གྲུབ་དཔལ་ལྡན། མཁས་གྲུབ་སངས་རྒྱས་ཕུན་ཚོགས། འདྲེན་མཆོག་བསྟན་འཛིན་ལྷུན་གྲུབ། བྱམས་པ་དཔལ་ལྡན་ཆོས་སྐྱོང༌། དེ་དཔོན་རིན་ཆེན་མཆོག་གྲུབ། མགོན་བླ་ཀུན་དགའ་བསོད་ནམས། ཡེ་ན་བསོད་ནམས་རྒྱལ་མཚན། གྲུབ་དབང་དགེ་འདུན་རྒྱ་མཚོ། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། དཔོན་སློབ་ངག་དབང་ལེགས་གྲུབ། བྲའུ་བསྟན་བདག་སྤྲུལ་སྐུ། ཆོས་རྗེ་ངག་དབང་རྒྱ་མཚོ། ཀུན་མཁྱེན་བསྟན་པའི་སྣང་བྱེད་མཁན་ཆེན་རྡོ་རྗེ་འཆང་འཇམ་དབྱངས་ཤེས་རབ་རྒྱ་མཚོ་དཔལ་བཟང་པོ། དེས་བདག་བློ་གཏེར་དབང་པོ་ལའོ།། །།ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་བསོད་ནམས་སེང་གེས་མཛད་པའི་དཔལ་ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་རྣམ་པར་བཤད་པ་བསྐྱེད་རིམ་མན་ངག་གསལ་བྱེད་ཀྱི་བརྒྱུད་པ་ནི། ཀུན་མཁྱེན་བསོད་ནམས་སེང་གེ །འདྲེན་མཆོག་དཀོན་མཆོག་འཕེལ་བ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། པཎ་ཆེན་ནམ་མཁའ་དཔལ་བཟང༌། རྩེ་གདོང་ཁྲི་ཆེན་ཀུན་དགའ་བསོད་ནམས། མཁན་ཆེན་ངག་དབང་ཆོས་གྲགས། འཇམ་མགོན་ཨ་མེས་ཞབས་ཀུན་དགའ་བསོད་ནམས། མུས་པ་བཀྲ་ཤིས་ལྷུན་གྲུབ། མཁན་