[A:༤༦༨]ཆེན་བཟང་པོ་རྒྱལ་མཚན། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། མཁས་གྲུབ་སངས་རྒྱས་རྒྱ་མཚོ། ཀུན་དགའ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། རི་ཁུད་སྤྲུལ་སྐུ་ཀུན་དགའ་མཁས་གྲུབ་དབང་པོ། ཐར་རྩེ་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཆོས་རྗེ་རིན་པོ་ཆེ་ཀུན་དགའ་འཇམ་དབྱངས། དེས་བདག་བློ་གཏེར་དབང་པོ་ལའོ།། །།ཚར་ཆེན་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོས་མཛད་པའི་དཔལ་ཀྱེ་རྡོ་རྗེའི་ཕྱི་བསྐྱེད་རིམ་གྱི་རྣམ་པར་བཤད་པ་ལེགས་བཤད་ཉི་མའི་འོད་ཟེར། ནང་ཟབ་མོ་ལུས་ཀྱི་རྣམ་པར་བཤད་པ་སྐལ་བཟང་སྙིང་གི་པདྨོ་བཞད་པ་བཅས་ཀྱི་བརྒྱུད་པ་ནི། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །སྔགས་འཆང་བསོད་ནམས་ཆོས་འཕེལ། ཁྱབ་བདག་དབང་ཕྱུག་རབ་བརྟན། འཇམ་དབྱངས་ཆོས་སྐྱོང་དབང་ཕྱུག །རིན་ཆེན་བསོད་ནམས་མཆོག་གྲུབ། བྱམས་པ་ངག་དབང་ལྷུན་གྲུབ། ངག་དབང་ཀུན་དགའ་ལྷུན་གྲུབ། ངག་དབང་ཀུན་དགའ་ལེགས་འབྱུང༌། ངག་དབང་ཀུན་དགའ་བློ་གྲོས། བྱམས་པ་ནམ་མཁའ་འཆི་མེད། རྣལ་འབྱོར་འཇམ་དཔལ་བཟང་པོ། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། དེས་བདག་བློ་གཏེར་དབང་པོ་ལའོ།། །། ༈ གྲུབ་ཆེན་ན་བཟའ་བྲག་ཕུག་པ་ཆེན་པོ་བསོད་ནམས་དཔལ་བས་མཛད་པའི་གསུང་ངག་བླ་མ་བརྒྱུད་པའི་གསོལ་འདེབས་གནས་སྦྱར་མ་ཞལ་སྐོང་དང་བཅས་པའི་བརྒྱུད་པ་ནི། མཛད་པ་པོ་སོ་སོ་ནས་རིམ་པར་བརྒྱུད་དེ། ཡབ་ཆེན་ཀུན་