R216: གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ངོར་ལུགས་ཐུན་མིན་སློབ་བཤད་དང།་ཐུན་མོང་ཚོགས་བཤད་ཐ་དད་ཀྱི་སྨིན་གྲོལ་ཡན་ལག་དང་བཅས་པའི་བརྒྱུད་ཡིག་གསེར་གྱི་ཕྲེང་བ་བྱིན་ཟབ་འོད་བརྒྱ་འབར་བ།

  • Pagination (Witness A): ༤༦༩
[A:༤༦༩]དགའ་བློ་གྲོས། རྗེ་བཙུན་མ་འཆི་མེད་བསྟན་པའི་ཉི་མ། པཎ་ཆེན་ཀུན་དགའ་བཀྲ་ཤིས། པདྨ་བདུད་འདུལ་དབང་ཕྱུག །ངག་དབང་ཀུན་དགའ་རྒྱལ་མཚན། ངག་དབང་རྡོ་རྗེ་རིན་ཆེན། འཇམ་མགོན་ངག་དབང་ལེགས་གྲུབ། བླ་མ་ཕན་བདེ་བཟང་པོ། ཆོས་རྗེ་ཀུན་དགའ་འཇམ་དབྱངས། དེས་བདག་བློ་གཏེར་དབང་པོ་ལའོ།། །།ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་མཛད་པའི་གསུང་ངག་རིན་པོ་ཆེའི་བླ་མ་བརྒྱུད་པའི་གསོལ་འདེབས་རྣམ་དག་མའི་བརྒྱུད་པ་ནི། མཛད་པ་པོ་ནས་རིམ་པར་བརྒྱུད་དེ། ཡབ་ཆེན་ཀུན་དགའ་བློ་གྲོས། བྱམས་པ་ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། དེས་བདག་ལའོ། །ཡང་ན། ཀུན་བློ་མན་གོང་བྲག་ཕུག་པའི་གནས་སྦྱར་མ་ཇི་ལྟ་བ་བཞིན་ནོ། །དེའི་ཁ་སྐོང་མཁྱེན་བརྩེའི་དབང་པོས་མཛད་པ་ནི་རྗེ་དེ་ཉིད་ཀྱི་ཞལ་ལས་སོ།། །།ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་དཔལ་ས་སྐྱ་པའི་ཡབ་ཆོས་རྒྱུད་གསུམ་མན་ངག་དང་བཅས་པའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་བྱིན་རླབས་མྱུར་དུ་འཇུག་པའི་ཕོ་ཉ་ཞེས་བྱ་བ་ཀུན་ཁྱབ་མ་དང༌། ལམ་ཟབ་བླ་མའི་རྣལ་འབྱོར་གྱི་ཉམས་ལེན་གསང་བའི་ཉེ་ལམ། དེའི་བརྒྱུད་འདེབས་ཁ་སྐོང་བཅས་ཀྱི་བརྒྱུད་པ་ནི། མཛད་པ་པོ་ནས་བཟུང་མཁན་ཆེན་རྡོ་རྗེ་འཆང་འཇམ་དབྱངས་ཤེས་རབ་རྒྱ་མཚོས་བདག་ལ་སྩལ་བའི་བར་འོག་ནས་འབྱུང་བའི་རྗེ་དེ་ཉིད་ཀྱི་གསུང་ཀྱེ་རྡོར་སྐོར་རྣམས་དང་འདྲའོ།། །།ཚར་ཆེན་རིན་པོ་ཆེས་མཛད་པའི་གསུང་ངག་བརྒྱུད་པ་སུམ་འདུས་ཀྱི་བླ་མ་ལ་གསོལ་བ་འདེབས་པ་ལམ་རིམ་སྨོན་ལམ་དང་བཅས་པ། དེའི་ཁ་སྐོང་བྱམས་པ་ངག་ལྷུན་གྱིས་མཛད་པའི་