R216: གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ངོར་ལུགས་ཐུན་མིན་སློབ་བཤད་དང།་ཐུན་མོང་ཚོགས་བཤད་ཐ་དད་ཀྱི་སྨིན་གྲོལ་ཡན་ལག་དང་བཅས་པའི་བརྒྱུད་ཡིག་གསེར་གྱི་ཕྲེང་བ་བྱིན་ཟབ་འོད་བརྒྱ་འབར་བ།

  • Pagination (Witness A): ༤༧༠
[A:༤༧༠]ཤློ་ཀ་དགུ། ཡང་སྐོར་རྨོར་ཆེན་གསུང་ཤློ་ཀ །ངག་ལེགས་གསུང་ཤློ་ཀ་བཅས་པའི་བརྒྱུད་པ་ནི། མཛད་པ་པོ་སོ་སོ་ནས་རིམ་པར་བརྒྱུད་དེ། ངག་དབང་ལེགས་གྲུབ། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། དེས་བདག་ལ་དང༌། མཇུག་བདག་ཅག་གི་རྩ་བའི་རིགས་བདག་དམ་པའི་གསོལ་འདེབས་ཤློ་ཀ་ཁང་སར་མཁན་ཆེན་ངག་དབང་བསོད་ནམས་རྒྱལ་མཚན་གྱིས་མཛད་པ་ནི། མཛད་པ་པོ་ནས། ཆོས་རྗེ་ཀུན་དགའ་འཇམ་དབྱངས། དེས་བདག་ལའོ།། །། ༈ འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པའི་ཁྲིད་གཞུང་སྐོར་ལ། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་ཁོག་དབུབ་ཀྱི་རྣམ་བཤད་བླ་མ་བརྒྱུད་པའི་རྣམ་ཐར་དང་གདམས་ངག་བྱུང་ཚུལ། བྱུང་བའི་ཆོས་ལ་བཤད་སྒྲུབ་བྱ་ཚུལ་གཉིས་ཀྱི་ཟིན་བྲིས་ཁའུ་བྲག་རྫོང་པའི་བཞེད་པ་མ་ནོར་བའི་བརྒྱུད་པ་ནི། མཛད་པ་པོ་ནས། ས་ཆེན་ཀུན་བློ་ཡན་ལམ་འབྲས་རྩ་བའི་བརྒྱུད་པ་ལྟར་ལ། དེ་ནས་རྗེ་བཙུན་མ་འཆི་མེད་བསྟན་པའི་ཉི་མ། མངའ་རིས་པ་འཕེལ་རྒྱས་སློབ་དཔོན་ཀུན་དགའ་བཀྲ་ཤིས། པདྨ་བདུད་འདུལ་དབང་ཕྱུག །འཇམ་མགོན་ཀུན་དགའ་རྒྱལ་མཚན། ངག་དབང་རྡོ་རྗེ་རིན་ཆེན། འཇམ་མགོན་ངག་དབང་ལེགས་གྲུབ། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། དེས་བདག་བློ་གཏེར་དབང་པོ་ལའོ།། །།གདམས་ངག་བྱུང་ཚུལ་གྱི་ཟིན་བྲིས་གསང་ཆེན་བསྟན་པ་རྒྱས་བྱེད་ཀྱི་ཞལ་སྐོང་ཤར་ཆོས་རྗེ་མཁས་གྲུབ་ཀུན་དགའ་དཔལ་ལྡན་གྱིས་མཛད་པའི་སྐལ་བཟང་རྣ་བའི་བཅུད་ལེན་ཉིད་འཕྲོ་ཅན་ལུང་རྒྱུན་མ་བཞུགས་པས་བདག་གིས་མཚན་བྱིན་རླབས་གཟི་བརྒྱ་འབར་བ་ཞེས་གསོལ་ཞིང་ཞལ་བསྐངས་ཏེ་ལུང་རྒྱུན་སྤེལ་ཁུལ་ཞུས་པའོ།། །།སྣང་གསུམ་