[A:༤༧༡]ཁྲིད་ཡིག་བསྟན་པ་རྒྱས་བྱེད་ཀྱི་བརྒྱུད་པ་ནི། མཛད་པ་པོ་ནས། ཀུན་བློ་ཡན་གསུང་ངག་རྩ་བའི་བརྒྱུད་པ་ལྟར་ལ། དེ་ནས་ནམ་མཁའ་འཆི་མེད། ངག་དབང་བཟང་པོ། ངག་དབང་ལེགས་གྲུབ། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། དེས་བདག་ལའོ།། །།རྒྱུད་གསུམ་ཁྲིད་ཡིག་བསྟན་པ་རྒྱས་པའི་ཉིན་བྱེད། ཕྱི་བསྐྱེད་རིམ་གྱི་ཟིན་བྲིས། ནང་བསྐྱེད་རིམ་གྱི་ཟིན་བྲིས། བུམ་དབང་རྨི་ལམ་མན་གྱི་ཁྲིད་འཕྲོ་རྒྱལ་དབང་ལྔ་པ་ཆེན་པོས་བསྐྱངས་པ་བཅས་ཀྱི་བརྒྱུད་པ་ནི། ཀུན་བློ་ཡན་སྔ་མ་ལྟར་ལ། དེ་ནས་ནམ་མཁའ་འཆི་མེད། ཞུ་སློབ་ཀུན་དགའ་དོན་གྲུབ། ངག་དབང་བཟང་པོ་མན་གོང་དུ་སོང་མ་ཐག་པ་ལྟར་རོ།། །། ༈ ཀུན་མཁྱེན་ཀླུ་སྒྲུབ་རྒྱ་མཚོས་མཛད་པའི་ཁྲིད་ཀྱི་སྐོར་ལ། སློབ་བཤད་བརྒྱུད་འདེབས་ལམ་རིམ་སྨོན་ལམ་དང་བཅས་པ་བྱིན་རླབས་ཕོ་ཉ། དགེས་མཛད་རྒྱུད་གསུམ་གྱི་བརྒྱུད་འདེབས་འཆད་ཐབས་ལམ་རིམ་དང་བཅས་པ་སེམས་ཀྱི་ངལ་བསོ། །སྣང་གསུམ་ཟླ་བ་བདུད་རྩིའི་ཐིག་ཕྲེང༌། སྔགས་ལམ་ཉི་གཞོན་གསར་པའི་ཐིག་ཕྲེང་ལས་འཁོར་འདས་དབྱེར་མེད་ཀྱི་ལྟ་བའི་སྐབས། ཕྱི་བསྐྱེད་རིམ། ནང་བསྐྱེད་རིམ་ཉམས་མྱོང་ལྟ་བ་ཕྱག་ཆེན་ངོ་སྤྲོད་བོགས་འབྱིན་སྤྱོད་པ་དང་བཅས་པ། བུམ་དབང་གི་འདའ་ཀ་མ་བར་དོ་རྨི་ལམ་སྒྱུ་ལུས་དང་བཅས་པ། ལམ་གཏུམ་མོ་ཙཎྜ་ལཱི་ཁམས་འདུས་པ་དང་པོ། བར་པ། ཐ་མ་བཅས་པའི་ཁྲིད་ཡིག་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། པཎ་ཆེན་ངག་དབང་ཆོས་གྲགས། འཇམ་མགོན་ཀུན་དགའ་བསོད་ནམས། དེ་སྲས་བསོད་ནམས་དབང་ཕྱུག །