R216: གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ངོར་ལུགས་ཐུན་མིན་སློབ་བཤད་དང།་ཐུན་མོང་ཚོགས་བཤད་ཐ་དད་ཀྱི་སྨིན་གྲོལ་ཡན་ལག་དང་བཅས་པའི་བརྒྱུད་ཡིག་གསེར་གྱི་ཕྲེང་བ་བྱིན་ཟབ་འོད་བརྒྱ་འབར་བ།

  • Pagination (Witness A): ༤༧༢
[A:༤༧༢]མཁན་ཆེན་བསོད་ནམས་མཆོག་གྲུབ། བྱམས་པ་ངག་དབང་ལྷུན་གྲུབ། ངག་དབང་ཀུན་དགའ་ལྷུན་གྲུབ། ངག་དབང་ཀུན་དགའ་ལེགས་འབྱུང༌། ངག་དབང་ཀུན་དགའ་བློ་གྲོས། ཀུན་དགའ་མཁས་གྲུབ་དབང་པོ། བྱམས་པ་ཀུན་དགའ་བསྟན་འཛིན། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། དེས་བདག་བློ་གཏེར་དབང་པོ་ལའོ།། །།དེ་ལྟར་ཁྲིད་ཡིག་གཉིས་ཀྱི་སྲི་ཞུར་རློམས་ནས་སློབ་བཤད་འཆད་ཐབས་གསང་ཆེན་མཛོད་བརྒྱ་འབྱེད་པའི་ལེགས་བཤད་འཕྲུལ་གྱི་ལྡེའུ་མིག་ཅེས་བྱ་བ་དང། སློབ་བཤད་འདྲེན་པའི་ཤིང་རྟ་ཟུང་གི་ཁྲིད་ཡིག་གཉིས་ཀྱི་དགོངས་གནད་འགལ་མེད་སྙིང་པོར་དྲིལ་ཏེ་གོ་བདེར་བཀོད་པ་སོམ་ཉིའི་མུན་སེལ་ཞེས་བྱ་བ་དག་ནི་བདག་གིས་བགྱིས་ཁུལ་དུ་ཞུས་པའོ།། །།ཚར་ཆེན་རིན་པོ་ཆེའི་གསུང་བཤེས་གཉེན་དམ་པ་བསྟེན་ཐབས་ཤློ་ཀ་ལྔ་བཅུ་པའི་འགྲེལ་པ་དངོས་གྲུབ་རིན་པོ་ཆེའི་སྒོ་འབྱེད་ཀྱི་བརྒྱུད་པ་ནི། ཚར་ཆེན། མཁྱེན་བརྩེ། བསོད་ནམས་ཆོས་འཕེལ། དབང་ཕྱུག་རབ་བརྟན། འཇམ་དབྱངས་ཆོས་སྐྱོང་དབང་ཕྱུག །རིན་ཆེན་བསོད་ནམས་མཆོག་གྲུབ། བྱམས་པ་ངག་དབང་ལྷུན་གྲུབ། ངག་དབང་ཀུན་དགའ་ལྷུན་གྲུབ། ཀུན་དགའ་ལེགས་པའི་འབྱུང་གནས། ངག་དབང་ཀུན་དགའ་བློ་གྲོས། འཆི་མེད་བསྟན་པའི་ཉི་མ། འཕེལ་རྒྱས་སློབ་དཔོན་ཀུན་དགའ་བཀྲ་ཤིས། འཇམ་མགོན་པདྨ་བདུད་འདུལ་དབང་ཕྱུག །འཇམ་དབྱངས་ཀུན་དགའ་རྒྱལ་མཚན། ངག་དབང་རྡོ་རྗེ་རིན་ཆེན། འཇམ་མགོན་ངག་དབང་ལེགས་གྲུབ། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། དེས་བདག་ལའོ།། །།