R216: གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ངོར་ལུགས་ཐུན་མིན་སློབ་བཤད་དང།་ཐུན་མོང་ཚོགས་བཤད་ཐ་དད་ཀྱི་སྨིན་གྲོལ་ཡན་ལག་དང་བཅས་པའི་བརྒྱུད་ཡིག་གསེར་གྱི་ཕྲེང་བ་བྱིན་ཟབ་འོད་བརྒྱ་འབར་བ།

  • Pagination (Witness A): ༤༧༣
[A:༤༧༣] ༈ བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་དམ་ཚིག་རྣམ་བཤད་ཀྱི་འགྲེལ་པ་རྩ་ལྟུང་འཁྲུལ་སྤོང་གི་དགོངས་པ་རབ་ཏུ་གསལ་བའི་བརྒྱུད་པ་ནི། ཀུན་བློ་ཡན་གསུང་ངག་རྩ་བའི་བརྒྱུད་པ་ལྟར་ལ། དེ་ནས་ཡར་ལུང་པ་ནམ་མཁའ་ལེགས་པ། འདྲེན་མཆོག་ངག་དབང་རིན་ཆེན། ཁམས་སྟོན་ངག་དབང་བཟང་པོ། དཔོན་སློབ་ངག་དབང་ལེགས་གྲུབ། མཁན་ཆེན་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། དེས་བདག་ལའོ།། །། ༈ དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་རྩ་རླུང་འཁྲུལ་འཁོར་ལ་བརྟེན་ནས་རྣལ་འབྱོར་པ་རྣམས་ཟབ་ལམ་བྱང་ཆུབ་སྒྲུབ་པའི་རིམ་པ་བཀླགས་ཆོག་མའི་བརྒྱུད་པ་ནི། མཛད་པ་པོ་ནས་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་བར་ལམ་འབྲས་རྩ་བའི་བརྒྱུད་པ་ལྟར་རམ། ཡང་ན། འདྲ་མིན་བཅས་གོང་ངོར་ཆེན་གྱི་རྣམ་དག་མ་དང་འདྲའོ།། །།ཆོས་རྗེ་མཁས་གྲུབ་ཀུན་དགའ་དཔལ་ལྡན་གྱིས་མཛད་པའི་ལུས་སྦྱོང་དང་འཁྲུལ་འཁོར་གྱི་ལག་ལེན་གསལ་བར་འདོམས་པ་སྔགས་འཆང་རིན་པོ་ཆེའི་དོ་ཤལ་ཉིད་ལུང་རྒྱུན་མ་བཞུགས་པས་བདག་གིས་གཏུམ་མོའི་མེ་དྲོད་རང་འབར་ཞེས་བྱ་བར་མཚན་བསྒྱུར་ཏེ་ལུང་སྤེལ་ཞུས་ཁུལ་ལོ།། །།ཡང་བདག་ཆེན་གྱི་གསུང་བརྡ་དོན་གསལ་བའི་ཁྲིད་ཡིག །ལམ་སྦས་ཏེ་བཤད་པའི་མན་ངག་གི་ཟིན་བྲིས། འཁོར་འདས་དབྱེར་མེད་ཀྱི་ཁྲིད་ཡིག་བཅས་ཀྱི་བརྒྱུད་པ་ནི། འདྲ་མིན་གཉིས་ཀ་གོང་དམ་ཚིག་རྣམ་བཤད་ལྟར་རོ།། །།པཎ་ཆེན་ངག་