R216: གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ངོར་ལུགས་ཐུན་མིན་སློབ་བཤད་དང།་ཐུན་མོང་ཚོགས་བཤད་ཐ་དད་ཀྱི་སྨིན་གྲོལ་ཡན་ལག་དང་བཅས་པའི་བརྒྱུད་ཡིག་གསེར་གྱི་ཕྲེང་བ་བྱིན་ཟབ་འོད་བརྒྱ་འབར་བ།

  • Pagination (Witness A): ༤༧༤
[A:༤༧༤]དབང་ཆོས་གྲགས་ཀྱིས་མཛད་པའི་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་ལོ་རྒྱུས་དང་དམིགས་གནད་ཅུང་ཟད་བཤད་པའི་ཡི་གེའང་ལུང་རྒྱུན་མ་བཞུགས་པ་འདྲ་བས་བདག་གིས་ལུང་སྤེལ་ཞུས་ཁུལ་ལོ།། །།བདག་ཆེན་གྱིས་མཛད་པའི་རྡོར་དྲིལ་རྣམ་བཤད་ཀྱི་བརྒྱུད་པ་ནི། མཛད་པ་པོ་ནས་ཀུན་བློ་ཡན་གོང་དམ་ཚིག་རྣམ་བཤད་དང་འདྲ་ཞིང༌། དེ་ནས་ཀུན་དགའ་མཁས་གྲུབ་དབང་པོ། བྱམས་པ་ཀུན་དགའ་བསྟན་འཛིན། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། དེས་བདག་ལའོ།། །།ཡང་བདག་ཆེན་གྱིས་མཛད་པའི་བདུད་རྩི་རིལ་བུའི་སྒྲུབ་ཐབས་ཤིན་ཏུ་གསལ་བའི་བརྒྱུད་པ་ནི། མཛད་པ་པོ་ནས་ཀུན་བློའི་བར་གོང་དམ་ཚིག་རྣམ་བཤད་ལྟར་ལ། དེ་ནས་ནམ་མཁའ་འཆི་མེད། ཀུན་དགའ་བསྟན་འཛིན། བསྟན་པའི་རྒྱལ་མཚན། དེས་བདག་ལའོ།། །།ཨཥྟཱའི་བྱད་ཟློག་ནི་པོད་དམར་ནས་ཕྱུང་བས་བརྒྱུད་པའང་དེ་ལྟར་རོ།། །།གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ལ་ཉེ་བར་མཁོ་བའི་ཟིན་བྲིས་མགོན་རྐྱང་གི་རྗེས་གནང་སོགས་ཁའུ་བྲག་རྫོང་པའི་བཞེད་པ་མ་ནོར་བ་མགོན་པོ་བསོད་ནམས་མཆོག་ལྡན་གྱི་གསུང་རྒྱུན་དང༌། ངོར་རྫོང་ཚར་པའི་གསུང་རབ་རིན་པོ་ཆེའི་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག་ཞྭ་ལུ་མཁན་ཆེན་ཚེ་དབང་ལྷུན་གྲུབ་རབ་བརྟན་གྱིས་མཛད་པ་བཅས་པའི་བརྒྱུད་པ་ནི། མཛད་པ་པོ་སོ་སོ་ནས། མཁྱེན་རབ་བྱམས་པ། རྨོར་ཆེན། གནས་གསར། ཀུན་བློ་མན་མཁྱེན་བརྩེའི་སྣང་གསུམ་བརྒྱུད་པ་དང་འདྲའོ།། །།ཀུན་མཁྱེན་ཀླུ་སྒྲུབ་རྒྱ་མཚོས་མཛད་པའི་གསུང་ངག་སློབ་བཤད་ཁོག་