[A:༤༧༦]ཁྲིད་ཡིག་བཀྲ་ཤིས་ཡུངས་ཀར་གོང་༥བུ། ནག་པོ་པའི་གཏུམ་མོ་ལམ་རྫོགས་ཀྱི་ཁྲིད་ཡིག་ལི་ཁྲིའི་ཐིག་ལེ༦། ནག་པོ་ཨུ་ཙི་ཊ་འཆི་བ་མེད་པའི་ཡོན་པོ་བསྲང་བའི་ཁྲིད་ཡིག་བཀྲ་ཤིས་ཞོའི་སྙིང་པོ༧། ཨིནྡྲ་བྷཱུ་ཏིའི་ཕྱག་རྒྱའི་ལམ་གྱི་ཁྲིད་ཡིག་བཀྲ་ཤིས་དུང་དཀར་གཡས་འཁྱིལ་བཅས་པའི་བརྒྱུད་པ་ནི། མཛད་པ་པོས་བདག་བློ་གཏེར་དབང་པོར་བཀའ་དྲིན་དུ་སྩལ་པའོ།། །།གཟིམས་འོག་སྤྲུལ་སྐུ་བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས་ཀྱིས་མཛད་པའི་རྗེ་བཙུན་ས་སྐྱ་པའི་བཞེད་པ་ལྟར་མདོ་སྔགས་ཀྱི་ལྟ་བའི་སྙིང་པོ་ཕྱིན་ཅི་མ་ལོག་པར་བཤད་པ་ནོར་བུའི་མེ་ལོང་ལུང་རྒྱུན་མ་བཞུགས་པས་བདག་གིས་ལུང་སྤེལ་ཞུས་ཁུལ་ལོ།། །།ངོར་ཆེན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་གསུང་དཔལ་ཀྱེ་རྡོ་རྗེ་ལྷ་དགུའི་མངོན་པར་རྟོགས་པ་འབྲིང་དུ་བྱ་བ་ཡན་ལག་དྲུག་གི་མཛེས་རྒྱན། ལུས་དཀྱིལ་མཛེས་རྒྱན། དབང་ཆུ་མཛེས་རྒྱན། གཏོར་ཆོག་མཛེས་རྒྱན། དབང་ཆོག་ལུང་དང་མན་ངག་གི་སྙིང་པོ་བསྡུས་པ་བཅས་ཀྱི་བརྒྱུད་པ་ནི། མཛད་པ་པོ་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ནས། པཎ་ཆེན་ནམ་མཁའ་དཔལ་བཟང༌། མཁས་གྲུབ་དཔལ་ལྡན་དོན་གྲུབ། འཇམ་མགོན་དཔལ་མཆོག་རྒྱལ་མཚན། མཁས་གྲུབ་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསོད་ནམས་དཔལ་ལྡན། མཁན་ཆེན་དཔལ་ལྡན་ཆོས་སྐྱོང༌། དེ་དཔོན་རིན་ཆེན་མཆོག་གྲུབ། ལྷུན་གྲུབ་སྟེང་གི་བླ་མ་ཀུན་དགའ་བསོད་ནམས། ཡེ་ན་བསོད་ནམས་རྒྱལ་མཚན། བླ་མ་དམ་པ་དགེ་འདུན་རྒྱ་མཚོ། བྱམས་པ་ཀུན་དགའ་བསྟན་འཛིན། སྤྲུལ་སྐུ་ཤེས་རབ་རྒྱ་མཚོ། བཀའ་དྲིན་མཚུངས་