R216: གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ངོར་ལུགས་ཐུན་མིན་སློབ་བཤད་དང།་ཐུན་མོང་ཚོགས་བཤད་ཐ་དད་ཀྱི་སྨིན་གྲོལ་ཡན་ལག་དང་བཅས་པའི་བརྒྱུད་ཡིག་གསེར་གྱི་ཕྲེང་བ་བྱིན་ཟབ་འོད་བརྒྱ་འབར་བ།

  • Pagination (Witness A): ༤༧༧
[A:༤༧༧]མེད་མཁན་ཆེན་རྡོ་རྗེ་འཆང་འཇམ་དབྱངས་ཤེས་རབ་རྒྱ་མཚོ། དེས་བདག་བློ་གཏེར་དབང་པོ་ལའོ། །ཀྱེ་རྡོར་ནང་མཆོད་སྐབས་ཀྱི་བླ་བརྒྱུད། བསྟོད་བཀྲ། རིགས་ལྔའི་ཕྱག་མཚན་བཅས་ཀྱི་བརྒྱུད་པ་ནི། དམིགས་སུ་མ་སྨོས་ཀྱང་དབང་ཆུ་ཆེན་མོའི་ཁོངས་ལས་མི་འདའ་བར་འབྲེལ་ནས་གནས་སྙམ་མོ།། །།བདག་ཆེན་གྱིས་མཛད་པའི་དཔལ་ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་ལམ་དབང་བསྐུར་བའི་ཆོ་ག་རྩ་བའི་བརྒྱུད་པ་ནི། གོང་དམ་ཚིག་རྣམ་བཤད་ལྟར་ལ། དེར་ཟིན་དང་ངག་འདོན་སྦས་པའི་ཚུལ་དུ་བཞུགས་པ་རྣམས་ཕྱུང་སྟེ་མཆན་གྱི་རྣམ་པར་བཀླགས་ཆོག་ཏུ་བསྡེབས་པ་པོ་ནི་བདག་ཉིད་དོ།། །།ཚར་ཆེན་གྱིས་མཛད་པའི་ཀྱེ་རྡོར་དབང་ཆུའི་གསལ་བྱེད་ལྷན་ཐབས་ནོར་བུའི་ཕྲེང་བའི་བརྒྱུད་པ་ནི། གོང་བཤེས་གཉེན་བསྟེན་ཚུལ་ཤློ་ཀ་ལྔ་བཅུའི་འགྲེལ་པ་ལྟར་རོ། །རྒྱུ་དབང་གི་སྐབས་ཀྱི་ཟུར་རྒྱན་མཐའ་དཔྱོད་ཚར་ལུགས་ཀྱི་གསུང་རྒྱུན་ལྟར་བྲིས་པ་ལུང་རྒྱུན་མ་བཞུགས་པས་བདག་གིས་ལུང་སྤེལ་ཞུས་ཁུལ་ལོ།། །།དཔལ་ས་སྐྱ་པ་འཇམ་མགོན་ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་རྗེ་བཙུན་རྡོ་རྗེ་བདག་མེད་མ་ལྷ་མོ་བཅོ་ལྔའི་སྒྲུབ་ཐབས་མ་ནོར་དོན་གསལ་དང༌། དཀྱིལ་ཆོག་གསལ་བྱེད་ཕྲིན་ལས་ཀུན་ཁྱབ། དབང་ཆོག་གཞན་ཕན་བདུད་རྩིའི་རོལ་མཚོ་བདག་གིས་ཞལ་གསལ་ཅུང་ཟད་ཞུས་པ་བཅས་ཀྱི་བརྒྱུད་པ་ནི། གོང་དབང་གི་བརྒྱུད་པ་ལས་གཉིས་སུ་མ་མཆིས་སོ།། །།སྒྲུབ་ཐབས་དང་དཀྱིལ་ཆོག་གི་ཐོ་ཡིག་དཀོན་མཆོག་ལྷུན་གྲུབ་ཀྱི་གསུང་ནི་གོང་ཡབ་བཀའ་དང་དབྱེར་མེད་དོ།། །།