[A:༤༧༨]པཎ་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་བྱིན་རླབས་སྐོར་ལ། བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་སེམས་བསྐྱེད་ཆོ་ག་སེམས་ཉིད་ངལ་འཚོའི་བདུད་རྩི། སློབ་མ་རྗེས་འཛིན་ཉམས་སུ་བླང་བདེ། ཨཥྟཱ་སོགས་ཀྱི་བཟླས་ལུང་གོ་བདེར་བཀོད་པ། ཚར་གསུམ་ཁུག་པའི་བྱིན་རླབས་གསང་ཆེན་ཆོས་ཀྱི་རྔ་ཆེན། ལམ་དབང་གི་མཐའ་དཔྱད་དང་ཟུར་འདེབས། བདག་མེད་མའི་བྱིན་རླབས་ལེགས་བྱས་གཏམ་གྱི་བདུད་རྩི། ལམ་ཟབ་བླ་མའི་རྣལ་འབྱོར་གྱི་བྱིན་རླབས་གོ་བདེ་དོན་གསལ་མཁས་ལ་ཉེར་མཁོ། བླ་མ་རིན་འབྱུང་གི་ཉམས་ལེན་བྱིན་རླབས་དང་བཅས་པ་འདོད་རྒུའི་དཔལ་འབྱོར་མ་ལུས་པའི་འབྱུང་གནས་ལེགས་བྱས་ཀྱི་རྔ་བོ་ཆེ། ལམ་ཟབ་ནང་མའི་བྱིན་རླབས་དབང་བཞིའི་ཆུ་རྒྱུན་མི་ནུབ་འཕེལ་བའི་གཏམ། བིར་སྲུང་ཐུན་མོང་བའི་བྱིན་རླབས་ངོར་ཆེན་གསུང་ལ་ཟུར་འདེབས་མཛད་པ། བིར་སྲུང་ཐུན་མིན་གྱི་བྱིན་རླབས་ཀུན་མཁྱེན་གསུང་ལ་ཟུར་འདེབས་མཛད་པ། བརྡ་དོན་གསལ་བའི་བྱིན་རླབས་གཉིས་ལས་གསུམ་བྱུང་གི་གོ་དོན་དང་བཅས་པ། ལམ་སྦས་བཤད་ཀྱི་བྱིན་རླབས་བཀླགས་ཆོག་ཏུ་བཀོད་པ། བརྡ་ཆིག་བརྒྱུད་ཀྱི་བྱིན་རླབས་གོ་བདེ་བཀླགས་ཆོག །རྣམ་འཇོམས་བིར་ལུགས་ལྷ་བདུན་ཅུ་དོན་ལྔའི་སྒྲུབ་ཐབས་ནུབ་པ་རིག་འཛིན་གྲགས་ཀྱི་གསུང་ལ་ཟུར་འདེབས་ཀྱིས་བརྒྱན་པ། སྒྲུབ་པ་ལུང་སྦྱིན་དང་གསང་བཅུའི་རྒྱས་གདབ་བཀླགས་ཆོག་མཐའ་དཔྱོད་དང་བཅས་པ་ལེའུ་ཚན་བཅུ་དྲུག་གི་བརྒྱུད་པ་ནི། མཛད་པ་པོ་ནས། བྱམས་པ་ངག་དབང་རྣམ་རྒྱལ། བྱམས་པ་བཀྲ་ཤིས་ལྷུན་གྲུབ། མཁན་ཆེན་བཟང་པོ་རྒྱལ་མཚན།