[A:༤༨༤]རྒྱལ་མཚན། ཕན་བདེ་བཟང་པོ། རིགས་ཀུན་བདག་པོ་བཀའ་དྲིན་མཚུངས་མེད་མངའ་རི་ཆོས་རྗེ་ཀུན་དགའ་འཇམ་དབྱངས། དེས་བདག་འཇམ་དབྱངས་བློ་གཏེར་དབང་པོ་ལ་དགྱེས་པས་སྩལ་པའོ།། ༈ གཉིས་པ་བསྟན་བཅོས་ཚད་མར་བྱ་བའི་སླད་དུ་གཞུང་རྡོ་རྗེའི་ཚིག་རྐང་གི་འགྲེལ་བཤད་ལ། རྣམ་འགྲེལ་ཐམས་ཅད་ཀྱི་རྒྱལ་པོ་སྲས་དོན་མ་དང༌། བླ་མ་དམ་པས་མཛད་པའི་གཞུང་བཤད་མན་ངག་གཏེར་མཛོད་ཀྱི་བརྒྱུད་པ་ནི། གོང་གླེགས་བམ་གཉིས་ཀྱི་སྐབས་སུ་སྨོས་པ་བཞིན་ནོ།། ༈ རྩ་བའི་ས་བཅད་བཞི་པ་དེ་རྣམས་ཀྱི་འཕྲོ་གཞི་བཀའ་ཚད་མ་ཟབ་གསང་གཉིས་སུ་མེད་པ་དཔལ་ཀྱེ་རྡོ་རྗེ་ཞེས་བྱ་བའི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་བརྟག་པ་གཉིས་པ་ཚུལ་བཞིའི་སྒོ་ནས་བཤད་པའི་བརྒྱུད་པ་ལ། བརྒྱུད་པའི་རྩ་བ་ལུང་རྒྱུན་ནས་བཟུང་བ་ལྟར་ན། ཚུལ་དང་པོ་གསུམ་སློབ་དཔོན་རིན་པོ་ཆེས་མཛད་པའི་རྒྱུད་སྡེ་སྤྱི་རྣམ་དང༌། དཀོན་མཆོག་ལྷུན་གྲུབ་ཀྱི་ཚུལ་གསུམ་མཛེས་རྒྱན། ཚུལ་བཞི་པ་རྗེ་བཙུན་རིན་པོ་ཆེའི་མངོན་རྟོགས་ལྗོན་ཤིང་ཆེན་མོ། དཀོན་ལྷུན་གྱི་གོང་མའི་དགོངས་རྒྱན་དང༌། ལྗོན་ཆུང༌། དངོས་གཞི་རྒྱུད་ཉིད་དག་ལྡན་གྱི་སྟེང་ནས་འབྲུ་གཉེར་བ་བཅས་ཀྱི་ལུང་གི་བརྒྱུད་པ་ནི། སོ་སོའི་བཀའ་འབུམ་ལྟར་རོ། །བཤད་པའི་བརྒྱུད་པ་ལ་འགྲེལ་པ་ལུགས་གཙོ་བོར་བཏོན་པ་དང༌། མན་ངག་ལུགས་ཀྱི་བཤད་པ་གཉིས་ལས། དང་པོ་ནི། རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། ཌོམྦི་ཧེ་རུ་ཀ །ཨ་ལ་ལ་བཛྲ། དཔལ་ལྡན་ནགས་ཁྲོད་པ། གརྦྷ་རི་པ། བསོད་སྙོམས་པ་ཛ་ཡ་ཤྲཱི། སློབ་དཔོན་སྦྱང་དཀའ་ཟླ་བ། དགེ་སློང་དཔའ་བོ་རྡོ་རྗེ། ལོ་ཙཱ་བ་ཆེན་པོ་ཤཱཀྱ་ཡེ་ཤེས། འཁོན་དཀོན་མཆོག་རྒྱལ་པོ། རྗེ་ས་ཆེན་ནམ། ཡང་ན། ལོ་ཆེན་ནས། བླ་མ་མངའ་