R216: གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ངོར་ལུགས་ཐུན་མིན་སློབ་བཤད་དང།་ཐུན་མོང་ཚོགས་བཤད་ཐ་དད་ཀྱི་སྨིན་གྲོལ་ཡན་ལག་དང་བཅས་པའི་བརྒྱུད་ཡིག་གསེར་གྱི་ཕྲེང་བ་བྱིན་ཟབ་འོད་བརྒྱ་འབར་བ།

  • Pagination (Witness A): ༤༨༥
[A:༤༨༥]རིས་པ་གསལ་བའི་སྙིང་པོ། འཁོན་སྒྱི་ཆུ་བ་དགྲ་ལྷ་འབར། རྗེ་ས་ཆེན། ཡང་ན། སེ་མཁར་ཆུ་བ་ཀུན་རིག །འཁོན་དཀོན་མཆོག་རྒྱལ་པོ། རྗེ་ས་ཆེན། ཡང་ན། འཁྱིན་ལོ་ཙཱ་བ་འོད་ཀྱི་སྣང་བ། འཁོན་དཀོན་མཆོག་རྒྱལ་པོ། རྗེ་ས་སྐྱ་པ་ཆེན་པོའོ། །དེ་ལྟར་བརྒྱུད་པའི་བཀའ་བབས་ཆེན་པོ་བཞི་དང་ལྡན་པའི་བླ་མ་ས་སྐྱ་པ་ཆེན་པོས། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། ཚུལ་ཁྲིམས་གྲགས་པ། གཙུག་ཏོར་རྒྱལ་པོ་གསུམ་ལ། གསུམ་གས་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། དེ་ནས་ཆོས་རྗེ་ས་སྐྱ་པཎྜི་ཏ་ཆེན་པོ། འགྲོ་མགོན་ཆོས་རྒྱལ་འཕགས་པ། དགའ་ལྡན་པ་བཀྲ་ཤིས་དཔལ། ཆོས་རྗེ་བྲག་ཕུག་པ་བསོད་ནམས་དཔལ། བླ་མ་བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། ངོར་མུས་གཉིས་ཀ་ལས་རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག་དང༌། ཀུན་མཁྱེན་བསོད་ནམས་སེང་གེ་གཉིས། གཉིས་ཀ་ལས་ཡོངས་འཛིན་དཀོན་མཆོག་འཕེལ་བ། དེ་ནས་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང༌། ཤར་ཆེན་ཀུན་དགའ་བཀྲ་ཤིས།
འདི་ཡན་བཤད་པ་རྒྱ་ཆེར་གནང་བའི་རྒྱུན་དང༌། མན་གཙོ་བོར་ལུང་གི་བརྒྱུད་པའོ། །མཆན།
ཐར་རྩེ་ནམ་མཁའ་སངས་རྒྱས། སྒྲུབ་ཁང་པ་དཔལ་མཆོག་རྒྱལ་མཚན། རྗེ་དོན་གྲུབ་རྒྱལ་མཚན། ཁམས་སྟོན་ནམ་མཁའ་དཔལ་བཟང༌། འཇམ་དབྱངས་སངས་རྒྱས་ཡེ་ཤེས། ས་སྐྱ་པ་ཆེན་པོ་འཇམ་མགོན་ཀུན་དགའ་བློ་གྲོས། མཁན་ཆེན་ཆོས་བཀྲ་ཤིས། མཁན་ཆེན་ཀུན་དགའ་རབ་རྒྱས། རབ་འབྱམས་སྨྲ་བ་ཆོས་དཔལ་འབྱོར།