R216: གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ངོར་ལུགས་ཐུན་མིན་སློབ་བཤད་དང།་ཐུན་མོང་ཚོགས་བཤད་ཐ་དད་ཀྱི་སྨིན་གྲོལ་ཡན་ལག་དང་བཅས་པའི་བརྒྱུད་ཡིག་གསེར་གྱི་ཕྲེང་བ་བྱིན་ཟབ་འོད་བརྒྱ་འབར་བ།

  • Pagination (Witness A): ༤༨༦
[A:༤༨༦] མཁན་ཆེན་ངག་དབང་གྲགས་པ། མདར་མཁན་ཆེན་ཀུན་དགའ་དཔལ་བཟང༌། སློབ་དཔོན་ཀུན་དགའ་འཇམ་དབྱངས། འཇམ་མགོན་ངག་དབང་ལེགས་གྲུབ། ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། མཁན་ཆེན་རྡོ་རྗེ་འཆང་འཇམ་དབྱངས་རིན་ཆེན་རྡོ་རྗེ། དེས་བདག་ལའོ། །ཡང་ན། ངག་དབང་ལེགས་གྲུབ་ནས། རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཉེ་བརྒྱུད་ལྟར་ན། བླ་མ་ས་ཆེན་དང༌། ཀུན་མཁྱེན་ཀླུ་སྒྲུབ་རྒྱ་མཚོ་གཉིས་ལས་རྗེ་ཉིད་ཀྱིས་གསན། དེས་རྒྱལ་སྲས་བློ་གྲོས་མཐའ་ཡས་པའི་སྡེ། དེས་བདག་བློ་གཏེར་དབང་པོ་ལ་དངོས་གྲུབ་ཏུ་སྩལ་བའོ། །ཡང་ན། དཀོན་མཆོག་ལྷུན་གྲུབ་ནས། རབ་འབྱམས་པ་ཀུན་དགའ་མཆོག་ལྡན། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། མཁན་ཆེན་ངག་དབང་ཆོས་གྲགས།
འདི་ཡན་བཤད་པ་རྒྱ་ཆེ་བ་གནང་བའི་རྒྱུན། མཆན།
བྱམས་པ་ངག་དབང་རྣམ་རྒྱལ། བྱམས་པ་བཀྲ་ཤིས་ལྷུན་གྲུབ། འཕགས་ཆེན་ཆོས་ཀྱི་རྒྱལ་མཚན། མང་ཐོས་བསོད་ནམས་དབང་ཕྱུག། རྗེ་ཆོས་ཀྱི་ཉི་མ། བླ་མ་བཀྲ་ཤིས་ཆོས་བཟང༌། སྤྲུལ་སྐུ་ངག་དབང་བསོད་ནམས། རྡོ་རྗེ་འཛིན་པ་དགེ་འདུན་རྒྱ་མཚོ། བླ་མ་ངག་དབང་བཟང་པོ། འཇམ་མགོན་ངག་དབང་ལེགས་གྲུབ་མན་འདྲ། ཡང་ན། དཀོན་མཆོག་ལྷུན་གྲུབ་ནས། དེའི་དབོན་སངས་རྒྱས་སེང་གེ །པཎ་ཆེན་ནམ་མཁའ་དཔལ་བཟང་མན་འདྲའོ།། །།བླ་མ་དམ་པས་མཛད་པའི་རྒྱུད་འགྲེལ་ཉི་མའི་འོད་ཟེར་ལ་ལུང་རྒྱུན་མ་བཞུགས་པས་ལུང་སྤེལ་དང༌། པཎ་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་བརྟག་གཉིས་ཚིག་འགྲེལ་ལ་རྩ་བ་དཀྱུས་སུ་བཅུག་སྟེ་འབྲུ་ཆེ་ཆུང་ཕྱེས་ནས་ལུང་སྤེལ་བཅས་བདག་གིས་ཞུས་ཁུལ་ལོ།། །།གཉིས་པ་མན་ངག་ལུགས་