[A:༤༨༧]ཀྱི་བཤད་སྲོལ་ལ་གཉིས་ལས། དང་པོ་རིང་བརྒྱུད་ནི། རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། ནག་པོ་པ། ཌ་མ་རུ་པ། ཨ་ཝ་དྷཱུ་ཏཱི་པ། ག་ཡ་དྷ་ར། འབྲོག་མི་ལོ་ཙཱ་བ། སེ་མཁར་ཆུ་བ། ཞང་དགོན་པ་བ། རྗེ་ས་ཆེན་མན་འགྲེལ་པ་ལུགས་དང་འདྲའོ། །གཉིས་པ་ཉེ་བརྒྱུད་ནི། རྣལ་འབྱོར་དབང་ཕྱུག་བིརྺ་པས། དཔལ་ས་སྐྱ་པ་ཆེན་པོ་ལ་རྒྱུད་སྡེ་བདུན་ཅུ་རྩ་གཉིས་ཀྱི་བཤད་བཀའ་ཚུལ་བཞིས་གསལ་བར་བྱས་པ་གནང་བ་ལས། གཙོ་བོར་རྒྱུད་གསུམ་གྱི་བརྒྱུད་པ་ལ། བདག་མེད་མ། བིརྺ་པ། ས་ཆེན། བསོད་རྩེ། ས་པཎ། ཆོས་འཕགས། དཀོན་མཆོག་དཔལ། བསོད་ནམས་དཔལ། བསོད་ནམས་རྒྱལ་མཚན། དཔལ་ལྡན་ཚུལ་ཁྲིམས། ཡེ་ཤེས་རྒྱལ་མཚན། ཀུན་དགའ་བཟང་པོ་མན་ཡང་གོང་འགྲེལ་བ་ལུགས་དང་འདྲའོ།། ༄༅། །གཉིས་པ་པུསྟ་ཀཿབཅུ་བདུན་པོར་མ་འདུས་པའི་ཉེར་མཁོ་གསུང་འཐོར་བུའི་སྐོར་གཞན་རགས་བསྡུས་འཕྲོས་དོན་གྱི་ཚུལ་དུ་སྨོས་པ་ལའང་ལུང་རྒྱུན་བཞུགས་པ་དང༌། མི་བཞུགས་པ་གཉིས་ལས། དང་པོ་ནི། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་སྡོམ་པ་ཉི་ཤུ་པའི་འགྲེལ་པའི་བརྒྱུད་པ་ནི། རྗེ་བཙུན་རིན་པོ་ཆེ། ས་སྐྱ་པཎ་ཆེན། མཁན་ཆེན་བྱང་ཆུབ་དཔལ། བདེ་བ་དཔལ། བཀའ་བཞི་གྲགས་པ་གཞོན་ནུ། རིན་ཆེན་བསོད་ནམས་གྲགས་པ། མཁན་ཆེན་གཞོན་ནུ་མགོན། མཁན་ཆེན་ཤེས་རབ་རྡོ་རྗེ། མཁན་ཆེན་རྒྱལ་བ་བཟང་པོ། མཁན་ཆེན་བྱང་ཆུབ་སེང་གེ །ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་དམ་པ་ཀུན་དགའ་