R216: གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ངོར་ལུགས་ཐུན་མིན་སློབ་བཤད་དང།་ཐུན་མོང་ཚོགས་བཤད་ཐ་དད་ཀྱི་སྨིན་གྲོལ་ཡན་ལག་དང་བཅས་པའི་བརྒྱུད་ཡིག་གསེར་གྱི་ཕྲེང་བ་བྱིན་ཟབ་འོད་བརྒྱ་འབར་བ།

  • Pagination (Witness A): ༤༨༨
[A:༤༨༨]དབང་ཕྱུག །ཡོངས་འཛིན་དཀོན་མཆོག་འཕེལ་བ། ས་སྐྱ་པ་འཇམ་དབྱངས་ཀུན་དགའ་བསོད་ནམས། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། ཤར་ཁང་པ་ཤེས་རབ་རྒྱལ་མཚན། ཐར་པཎ་ནམ་མཁའ་དཔལ་བཟང༌། བྱམས་པ་ཀུན་དགའ་བཀྲ་ཤིས། མཚུངས་མེད་ནམ་མཁའ་སངས་རྒྱས། རིན་ཆེན་དཔལ་མཆོག་རྒྱལ་མཚན། ཆོས་རྗེ་དོན་གྲུབ་རྒྱལ་མཚན། ཁམས་སྟོན་ནམ་མཁའ་དཔལ་བཟང༌། འཇམ་མགོན་སངས་རྒྱས་ཡེ་ཤེས། ས་ཆེན་ཀུན་དགའ་བློ་གྲོས། ལྷ་ཁང་མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་བཀྲ་ཤིས། མཁན་ཆོས་ཀུན་དགའ་རབ་རྒྱས། ལྷ་ཁང་རབ་འབྱམས་པ་ཆོས་དཔལ་འབྱོར། མཁན་ཆེན་ངག་དབང་གྲགས་པ། མདར་མཁན་ཆེན་བྱམས་པ་ཀུན་དགའ་དཔལ་བཟང༌། མདར་བཀའ་འགྱུར་བ་སློབ་དཔོན་ཀུན་དགའ་འཇམ་དཔལ། འཇམ་མགོན་ངག་དབང་ལེགས་གྲུབ། མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། དེས་བདག་བློ་གཏེར་དབང་པོ་ལའོ།། །།ཡང་རྗེ་བཙུན་རིན་པོ་ཆེས་མཛད་པའི་རྩ་ལྟུང་འཁྲུལ་སྤོང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་ཡན་སྔ་མ་ལྟར་ལ། དེ་ནས་འཇམ་དབྱངས་རིན་ཆེན་རྡོ་རྗེ། དེས་བདག་ལའོ།། །།འཇམ་པའི་དབྱངས་དངོས་ཆོས་རྗེ་ས་སྐྱ་པཎྜི་ཏ་ཆེན་པོ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་མཛད་པའི་ལམ་ཟབ་ཁྲིད་ཀྱི་བརྒྱུད་པ་ནི། མཛད་པ་པོ་ནས་ངོར་ཆེན་བར་པོད་སེར་ལྟར་ལ། དེ་ཕྱིན་པོད་དམར་ལྟར་རོ།། །།ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་མཛད་པའི་ལམ་ཟབ་