R216: གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ངོར་ལུགས་ཐུན་མིན་སློབ་བཤད་དང།་ཐུན་མོང་ཚོགས་བཤད་ཐ་དད་ཀྱི་སྨིན་གྲོལ་ཡན་ལག་དང་བཅས་པའི་བརྒྱུད་ཡིག་གསེར་གྱི་ཕྲེང་བ་བྱིན་ཟབ་འོད་བརྒྱ་འབར་བ།

  • Pagination (Witness A): ༤༨༩
[A:༤༨༩]ནང་མ་དང༌། བིར་སྲུང་སྐོར་ལེའུ་ཚན་དྲུག་གི་བརྒྱུད་པ་ནི། མཛད་པ་པོ་ནས་བཟུང་པོད་དམར་ཇི་ལྟ་བ་བཞིན་ནོ།། །།ཚར་ཆེན་རིན་པོ་ཆེ་བློ་གསལ་རྒྱ་མཚོས་མཛད་པའི་བླ་མ་རིན་འབྱུང་གི་སྒྲུབ་ཐབས་ལ་ལུང་རྒྱུན་བཞུགས་ཚོད་ཀྱང་བརྒྱུད་པ་དམིགས་བསལ་བྲིས་པ་མི་སྣང་བས་སླར་འབྱོར་ན་འབྲི་དགོས་སོ།། །།སློབ་བཤད་ལུགས་ཀྱི་སློབ་མ་རྗེས་འཛིན་བྱ་ཚུལ་དབུར། སློབ་མ་རྗེས་འཛིན་གྱི་སྔོན་དུ་ལམ་དུས་མངོན་རྟོགས་བཟླས་པ་ཡན་གྲུབ་ན་ལེགས་ཞེས་པས་ཐོག་དྲངས། དེ་དང་འབྲེལ་བར་སངས་རྒྱས་སྤྱན་མའི་བསྒོམ་བཟླས་ཀྱི་མཇུག་ཏུ། རྒྱུན་དུ་བྱས་ན་ལེགས་གསུང་ངོའི་མཐའ་ཅན་དང༌། ཡང༌། གསུང་ངག་རིན་པོ་ཆེའི་སྐབས་ཀྱི་སློབ་མ་རྗེས་འཛིན་མཛད་ཚུལ་ཁའུ་བྲག་རྫོང་པའི་ཕྱག་བཞེས་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་ཇི་ལྟ་བ་ཞེས་པ་དབུར། སློབ་མ་རྗེས་སུ་གཟུང་བའི་ཆོ་ག་བྱ་ཚུལ་གྱི་བརྗེད་བྱང་ཅུང་ཟད་ཙམ་བྱ་བ་ལ་ཞེས་ཡོད་པ་དང༌། མཇུག་ཏུ། རླུང་ལྟས་བརྟགས་ཀྱང་འོང་གསུང་ངོའི་མཐའ་ཅན། སྒྲུབ་པའི་བསྙེན་པ་བྱ་ཚུལ་གྱི་དབུར། སྒྲུབ་པའི་བསྙེན་པ་ལ་ཞེས་དང༌། མཇུག་ཏུ། དོན་མ་ཚང་བ་མེད་པ་ཡིན་ནོའི་མཐའ་ཅན་ལྡེབ་ཤར། ཡང༌། མགོར་ཡིག་བརྒྱའི་བཟླས་ལུང་ནི། བླ་མས་སྔོན་འགྲོ་གཏོར་མ་ནས་ཞེས་དང༌། མཇུག་ཏུ། གཞན་ཡི་གེ་བཞིན་ནོ་གསུང་ངོའི་མཐའ་ཅན་བཅས་ཀྱི་བརྒྱུད་པ་ནི། ཡབ་ཆེན་ཀུན་དགའ་བློ་གྲོས་ནས་བརྒྱུད་དེ། འཆི་མེད་བསྟན་ཉི་མན་གོང་ཚར་ཆེན་གྱི་བཤེས་གཉེན་བསྟེན་ཐབས་ཤློ་ཀ་ལྔ་བཅུ་པའི་འགྲེལ་པ་ལྟར་རོ།། །།འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པའི་དཔལ་ཀྱེ་རྡོ་རྗེའི་