[A:༤༩༠]གཞི་བསྙེན་བྱ་ཚུལ་གྱི་ཟིན་བྲིས་དངོས་གྲུབ་དཔྱིད་ཀྱི་དགའ་སྟོན་དང༌། དཔལ་ཀྱེ་རྡོ་རྗེའི་ཞི་བའི་སྦྱིན་སྲེག་གི་ངག་འདོན་བཅས་ཀྱི་བརྒྱུད་པ་ནི། མཛད་པ་པོ་ནས་བཟུང་ཀུན་བློའི་བར་ལམ་འབྲས་ཁྲིད་གཞུང་ལྟར་ལ། དེ་ནས་ནམ་མཁའ་འཆི་མེད། སྡེ་དགེ་བླ་ཆེན་བྱམས་པ་ཀུན་དགའ་སངས་རྒྱས་བསྟན་པའི་རྒྱལ་མཚན། ངག་དབང་བཟང་པོ། ངག་དབང་ལེགས་གྲུབ། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། དེས་བདག་ལའོ།། །།རྒྱལ་དབང་ལྔ་པས་མཛད་པའི་ལམ་ཟབ་ནང་མའི་བླ་མའི་རྣལ་འབྱོར་མཐོ་རིས་དབང་གི་ཆུ་བོ་དང༌། ཞུ་ཆེན་གྱི་ལུས་སྦྱོང་སྐབས་མ་ད་ནའི་བྱུག་པ་བཅས་ཀྱི་བརྒྱུད་པ་ནི། མཛད་པ་པོ་དག་ནས་བརྒྱུད་དེ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན། གནས་གསར། ཀུན་བློ། ནམ་མཁའ་འཆི་མེད། ཀུན་དགའ་བསྟན་འཛིན། དགེ་འདུན་རྒྱ་མཚོ། ཡར་ལུང་མཆོག་སྤྲུལ། ཕན་བདེ་བཟང་པོ། ཀུན་དགའ་འཇམ་དབྱངས། དེས་བདག་ལའོ།། །།ཤེའུ་ལོ་ཙཱ་བ་དཔལ་བྱམས་པ་ཀུན་དགའ་ཆོས་གྲགས་ཀྱིས་མཛད་པའི་རྣམ་འཇོམས་བིར་ལུགས་ལྷ་བདུན་ཅུ་རྩ་ལྔའི་སྒྲུབ་ཐབས་དང་བྱིན་རླབས་བྱ་ཚུལ་གྱི་བརྒྱུད་པ་ནི། ངེས་གསལ་མི་འདུག་ཀྱང་དེ་ཉིད་ཀྱིས་མཛད་པའི་གོང་སྦྱིན་སྲེག་དང་འདྲའམ་སྙམ་མོ།། །།རྨོར་ཆེན་གྱིས་མཛད་པའི་བླ་མཆོད་བསོད་ནམས་རྒྱས་བྱེད་ཀྱི་བརྒྱུད་པ་ངེས་ཏིག་མ་རྙེད་ཀྱང་ལུང་རྒྱུན་ནི་བཞུགས་གྲས་སོ། །སྡེ་དགེ་བླ་ཆེན་གྱིས་མཛད་པའི་ཀྱེ་རྡོར་རྣམ་བཤད་བསྟན་པ་རྒྱས་པའི་ཉིན་བྱེད་ཀྱི་བརྒྱུད་པ་ནི། མཛད་པ་པོ། དགེ་འདུན་རྒྱ་མཚོ། དཀོན་མཆོག་ཕུན་ཚོགས། ཕན་བདེ་བཟང་པོ། ཀུན་དགའ་འཇམ་དབྱངས། དེས་བདག་ལའོ།། །།