[A:༤༩༡]ཡང་དེ་ཉིད་ཀྱིས་མཛད་པའི་ལུས་སྦྱོང་དང་འཁྲུལ་འཁོར་གྱི་བརྒྱུད་པ་ནི། ས་དབང་བླ་མ་རིན་པོ་ཆེ། ཞབས་དྲུང་ནམ་མཁའ་རྒྱལ་མཚན། སྒྲུབ་བརྩོན་བྱམས་པ་ཆོས་འཕེལ། བཤེས་གཉེན་སངས་རྒྱས་བསྟན་འཛིན་ནས་སོ།། །།འཇམ་མགོན་ངག་དབང་ལེགས་གྲུབ་ཀྱིས་མཛད་པའི་གསུང་ངག་རིན་པོ་ཆེའི་འགུར་བསམ་གཏན་མྱུ་གུ་སྐྱེད་པའི་ཆར་ཟིམ། དབང་བཞིའི་བརྡ་བཅས་ཀྱི་བརྒྱུད་པ་ནི། དེ་ཉིད་ཀྱིས་མཛད་པའི་གོང་རིན་འབྱུང་སྐབས་དང་འདྲའོ།། ༈ གཉིས་པ་ལུང་རྒྱུན་མི་བཞུགས་པའི་སྐོར་ལ། བླ་ཆེན་འབྲོག་མིའི་མཚན་ལམ་བརྡ་འགྲོལ་བཀའ་རྒྱ་མ། ཚར་ཆེན་བློ་གསལ་རྒྱ་མཚོའི་གསང་བའི་རྣམ་ཐར་བསྡུས་པ། མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་གསུང་མཐོང་ལམ་ནས་བཅུ་གསུམ་རྡོ་རྗེ་འཛིན་སར་བགྲོད་ཚུལ་ལམ་ཟབ་ཕྱི་མ་བྱིན་རླབས་དཔལ་འབྱུང༌། ལམ་ཟབ་ནང་མའི་བརྒྱུད་འདེབས་ལམ་རིམ་དང་བཅས་པ་སྦས་དོན་སྙིང་གི་ཁ་འབྱེད། གསང་བའི་ལམ་ཟབ་སྦས་དོན་སྙིང་པོ། བླ་མ་རིན་འབྱུང་རྒྱུན་གྱི་ངག་འདོན་བདེ་འཇུག །ཚར་གསུམ་ཁུག་པ་རྒྱུན་གྱི་ཉམས་ལེན་གནད་ཀྱི་གཅེས་མཛོད། བིར་སྲུང་ཐུན་མོང་གི་ཉམས་ལེན་བྱིན་རླབས་དཔལ་སྟེར། ཀྱེ་རྡོར་གྱི་བསྙེན་པའི་སྐབས་ངག་འདོན་རྒྱས་བསྡུས་གཏོང་ཚུལ། ལམ་དབང༌། བདག་མེད་མ། བརྡ་ཆིག་བརྒྱུད། བསྒྲུབ་པ་ལུང་སྦྱིན་རྣམས་ཀྱི་བྱིན་རླབས་བྱ་ཚུལ་གྱི་ཟིན་བྲིས། པཎ་ཆེན་ངག་ཆོས་ཀྱི་གསུང་གསུང་ངག་རིན་པོ་ཆེ་ལམ་འབྲས་སློབ་བཤད་ལ་རྩོད་པ་སྤོང་བ་འཇིགས་བྲལ་སེང་གེའི་རྒྱུད་ཀྱི་ང་རོ། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་དཀའ་བའི་གནས་རྣམས་ལས་བརྩམས་ཏེ་དྲིས་པའི་རང་ལན་གཟུར་གནས་དྲང་པོའི་གཏམ་