[A:༤༩༣]བའི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་དགོས་ཤིང༌། དེའང་རྡོ་རྗེ་རྩེ་མོ་ལས། སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྔགས་ཀྱི་སྡོམ་པའོ། །ཞེས་པ་ལྟར་ཐོག་མར་སོ་བྱང་སྔགས་གསུམ་གྱི་ལམ་ལ་རིམ་གྱིས་འཇུག་དགོས་པས་དེ་ལ་གསུམ། སོར་སྡོམ། བྱང་སྡོམ། སྔགས་སྡོམ་མོ། །དང་པོ་ལ་སོ་ཐར་རིས་བདུན་ལས། ཚིགས་གསུམ་རིམ་ཅན་དུ་མནོས་ཤིང་གསོལ་བཞིའི་ཆོ་གའི་སྒོ་ནས་ཉེས་མེད་ཕུན་ཚོགས་ཀྱི་ཆོ་ག་ཉན་ཐོས་དང༌། བསམ་པ་ཐེག་ཆེན་ལྟར་དགེ་སློང་གི་སྡོམ་པ་ཐོབ་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། འཕགས་པ་ཤ་རིའི་བུ། སྲས་སྒྲ་གཅན་འཛིན། བྲམ་ཟེ་སྒྲ་གཅན་འཛིན། འཕགས་མཆོག་ཀླུ་སྒྲུབ། གུ་ཎ་མི་ཏྲ། རིན་ཆེན་བཤེས་གཉེན། ཆོས་ཀྱི་བཟང་པོ། གུ་ཎ་པ་ཏི། ཆོས་ཀྱི་ཕྲེང་བ། འབྱུང་གནས་སྦས་པ། ཁ་ཆེ་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲ། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། ཁང་སྟོན་འོད་ཟེར་རྒྱལ་མཚན། མཉམ་མེད་གྲགས་པ་རྒྱལ་མཚན། མཁས་གྲུབ་གཟུངས་ཀྱི་དཔལ་བ། བོ་དོང་པ་དགེ་ལེགས་བཟང་པོ། རྗེ་ཨ་ནནྡ་པ། བྱམས་པ་ཆོས་རིན། བརྩོན་འགྲུས་རྒྱ་མཚོ། ཆོས་ཀྱི་དཔལ་འབྱོར། ནམ་མཁའ་རྒྱལ་མཚན། ནམ་མཁའ་དབང་ཕྱུག །སངས་རྒྱས་འོད་ཟེར། དགེ་ལེགས་བཟང་པོ། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། འཇམ་དབྱངས་དགའ་བའི་བཤེས་གཉེན། མང་ཐོས་གྲགས་པ་རྣམ་རྒྱལ། མཁན་ཆེན་བསོད་ནམས་བཀྲ་ཤིས། མཁན་ཆེན་བྱམས་པ་བཀྲ་ཤིས། མཁན་ཆེན་དབང་ཕྱུག་ཕུན་ཚོགས། མཁན་ཆེན་བརྩོན་འགྲུས་ཡེ་ཤེས། མཁན་ཆེན་སྦྱིན་པ་བཀྲ་ཤིས། བྱམས་པ་ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན།