R216: གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ངོར་ལུགས་ཐུན་མིན་སློབ་བཤད་དང།་ཐུན་མོང་ཚོགས་བཤད་ཐ་དད་ཀྱི་སྨིན་གྲོལ་ཡན་ལག་དང་བཅས་པའི་བརྒྱུད་ཡིག་གསེར་གྱི་ཕྲེང་བ་བྱིན་ཟབ་འོད་བརྒྱ་འབར་བ།

  • Pagination (Witness A): ༤༩༦
[A:༤༩༦]པའི་རྒྱལ་མཚན་གྱིས་སོ། །དེའི་ཁ་སྐོང་འཇམ་མགོན་སངས་རྒྱས་ཕུན་ཚོགས་ནས། གདན་རབས་སོ་གསུམ་པ་བྱམས་པ་དཔལ་ལྡན་ཆོས་སྐྱོང་ཡན་གྱི་རྣམ་ཐར་དཔལ་ཆོས་ཀྱིས་མཛད་པའི་རྟོགས་བརྗོད་འདོད་རྒུའི་དཔལ་སྟེར་དང༌། གདན་རབས་སོ་ལྔ་པ་ཁང་སར་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱི་རྣམ་ཐར་དཔལ་ཆོས་པས་མཛད་པ་དང༌། གདན་རབས་སོ་དྲུག་པ་ཤར་ཆེན་མི་འགྱུར་རྒྱལ་མཚན་གྱི་རྣམ་ཐར་རྗེ་རང་ཉིད་ཀྱིས་མཛད་པ་དང༌། གདན་རབས་སོ་བརྒྱད་པ་འཇམ་དབྱངས་དཀོན་མཆོག་གྲགས་པའི་རྣམ་ཐར་རྗེ་རང་ཉིད་ཀྱིས་མཛད་པ་བཅས་སྤར་དུ་བཞུགས་པ་ཇི་བཞིན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱིས་གསན་ཏོ། །དེའི་ཡང་སྐོང་དུ་གདན་རབས་སོ་བཞི་པ་མཁས་གྲུབ་སངས་རྒྱས་དཔལ་བཟང༌། གདན་རབས་སོ་བདུན་པ་འཇམ་མགོན་སངས་རྒྱས་ཡེ་ཤེས། གདན་རབས་སོ་དགུ་པ་ངག་དབང་ཆོས་སྐྱོང་བཟང་པོ་ནས། ད་ལྟ་རྒྱལ་བ་གཉིས་པའི་ཆོས་ཀྱི་ཁྲི་འཕང་མཐོན་པོར་ཞབས་སེན་རྣམ་པར་བཀོད་ཅིང་བསྟན་འགྲོར་ཕན་བདེ་ཚད་མེད་པ་སྤེལ་བཞིན་བཞུགས་པ་གདན་རབས་རཻ་གཉིས་པ་འཇམ་དབྱངས་ཀུན་དགའ་བསྟན་པའི་རྒྱལ་མཚན་ཡན་བླ་མ་ཉི་ཤུ་རྩ་དྲུག་གི་གདན་རབས་རྣམ་ཐར་མདོར་བསྡུས་རེ་ནོར་བུའི་ཕྲེང་བའི་ཞལ་སྐོང་བདུད་རྩིའི་ཐིགས་ཕྲེང་ཞེས་བྱ་བ་བདག་འཇམ་དབྱངས་བློ་གཏེར་དབང་པོས་གསར་བསྒྲིགས་སུ་ཞུས་སོ། །གསོལ་འདེབས་སོགས་ཚོགས་འདོན་ཆོས་སྤྱོད་སྐོར་ལ། ཐོག་མར་དཀོན་མཆོག་རྗེས་དྲན། ལྟུང་བཤགས། ཐུབ་བསྟོད། སངས་རྒྱས་སྤྱི་བསྟོད། ཞི་གདོང་མ། ཟ་ཧོར་མ་རྣམས་སྔོན་དུ་འགྲོ་བའི། བི་རཱུ་པ་ལ་བསྟོད་པ་ཨ་ལ་ལ་ནས་བཟུང་ངོར་ཆེན་གྱི་བསྟོད་པ་དད་པའི་རྦ་རླབས་རྫོགས་པར་སྡེ་སྤར་ཆོས་སྤྱོད་རབ་གསལ་མུ་ཏིག་ཕྲེང་