[A:༥༠༣]ཆེན། རྗེ་བཙུན་སྐུ་མཆེད། ཆོས་རྗེ་ཁུ་དབོན། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། བླ་མ་དམ་པ། དཔལ་ཚུལ། བུདྡྷ་ཤྲཱི། ངོར་ཆེན། མུས་ཆེན། དེ་གཉིས་ཀ་ལས་རྒྱལ་ཚབ་དང༌། ཀུན་མཁྱེན་གཉིས། ཕྱི་མ་གསུམ་ཀ་ལས་ཡོངས་འཛིན། དེ་ལས་ས་ལོ། ཕྱི་མ་གཉིས་ཀ་ལས་དཀོན་མཆོག་ལྷུན་གྲུབ། དེ་ནས། སྔགས་འཆང་ཀུན་དགའ་རིན་ཆེན། བསོད་ནམས་དབང་པོ། ཨ་མེས་ཞབས། ངག་དབང་ཀུན་དགའ་བཀྲ་ཤིས། ཡབ་རྗེ་བསོད་ནམས་རིན་ཆེན། ས་ཆེན་ཀུན་དགའ་བློ་གྲོས། བྱམས་པ་ནམ་མཁའ་འཆི་མེད། རྣལ་འབྱོར་འཇམ་དཔལ་བཟང་པོ། དེ་ལས་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱིས་གསན་པའོ། །ཡང་ན། ཡོངས་འཛིན་ནས། ལྷ་མཆོག་སེང་གེ །དཀོན་མཆོག་ལྷུན་གྲུབ། སངས་རྒྱས་སེང་གེ །ནམ་མཁའ་དཔལ་བཟང༌། བསོད་ནམས་ལྷུན་གྲུབ། དཔལ་རྒྱལ། སངས་ཕུན། བསོད་དཔལ། དཔལ་ཆོས། ཆོས་སྐྱོང་བཟང་པོ། ནམ་མཁའ་འཆི་མེད་མན་གོང་སོང་མ་ཐག་པ་ལྟར་རོ། །ཡང་བརྒྱུད་ལུགས་གཅིག་ནི་འོག་རྒྱུ་དབང་ལྟར་རོ།། །།འཇིགས་བྲལ་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་བིརྺ་པས་ཡེ་ཤེས་ཀྱི་མཁའ་འགྲོ་རྡོ་རྗེ་བདག་མེད་མ་ལས་དངོས་སུ་གསན་པའི་དཔལ་ཀྱེ་རྡོ་རྗེ་མན་ངག་ལུགས་ལྷ་དགུའི་དཀྱིལ་འཁོར་ཆེན་པོར་དཀོན་མཆོག་ལྷུན་གྲུབ་ཀྱི་སྒྲུབ་དཀྱིལ་ཆ་ལག་མཚམས་སྦྱོར་བཅས་པའི་ཡིག་སྟེང་ནས་རྒྱུ་དུས་ཀྱི་དབང་བཞི་ཡོངས་སུ་རྫོགས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། ནག་པོ་པ། ཌ་མ་རུ་པ། ཨ་ཝ་དྷཱུ་ཏཱི་པ། ག་ཡ་དྷ་ར། འབྲོག་ལོ་ཤཱཀ་ཡེ། སེ་མཁར་ཆུ། ཞང་དགོན་པ། ས་ཆེན། བསོད་རྩེ།