R216: གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ངོར་ལུགས་ཐུན་མིན་སློབ་བཤད་དང།་ཐུན་མོང་ཚོགས་བཤད་ཐ་དད་ཀྱི་སྨིན་གྲོལ་ཡན་ལག་དང་བཅས་པའི་བརྒྱུད་ཡིག་གསེར་གྱི་ཕྲེང་བ་བྱིན་ཟབ་འོད་བརྒྱ་འབར་བ།

  • Pagination (Witness A): ༥༠༤
[A:༥༠༤] གྲགས་རྒྱལ། ས་པཎ། ཆོས་འཕགས། ཞང་དཀོན། བྲག་ཕུག་པ། བླ་མ་དམ་པ། དཔལ་ལྡན་ཚུལ་ཁྲིམས། བུདྡྷ་ཤྲཱི། ངོར་ཆེན། མུས་ཆེན། ངོར་མུས་གཉིས་ཀ་ལས་རྒྱལ་ཚབ་དམ་པ་དང༌། དཔལ་ལྡན་རྡོ་རྗེ། བསོད་ནམས་སེང་གེ་གསུམ། གསུམ་ག་ལས། ཡོངས་འཛིན། དེ་ནས་སངས་རིན། ལྷ་སེང༌། དཀོན་ལྷུན། ནམ་དཔལ་ལམ། ཡང་ན། ལྷ་སེང་ནས། སངས་སེང༌། ནམ་དཔལ། ཀུན་བཀྲས། ཤེར་འབྱུང༌། ལྷུན་དཔལ། སངས་ཕུན། བསོད་བཟང༌། སངས་རྒྱས་དཔལ་བཟང༌། སངས་རྒྱས་གྲགས་པ། ངག་དབང་དམ་ཆོས། དཔལ་ལྡན་ཆོས་ཀྱི་རྒྱལ་མཚན། དེ་ལས་ངག་དབང་བློ་གྲོས་བསྟན་འཛིན་དང༌། ཀུན་དགའ་བསྟན་པའི་བློ་གྲོས་གཉིས་ཀྱིས་གསན་སྙམ། བསྟན་བློ་ལས་ངག་དབང་བསོད་ནམས་རྒྱལ་མཚན་གྱིས་གསན་པ་ནི་ངོར་མཁན་ཞལ་ངོ་ནང་བརྒྱུད་དོ། །ཡང་ན། མུས་ཆེན་ནས། བདག་ཆེན། རྡོ་རིང༌། ཚར་ཆེན། མཁྱེན་བརྩེ། བསླབ་རྒྱལ། དབང་རབ། མཆོག་ལྡན། མཆོག་གྲུབ། ངག་ལྷུན། རྨོར་ཆེན། གནས་གསར་པ། ས་ཆེན་ཀུན་བློ། ནམ་མཁའ་འཆི་མེད། ཀུན་དགའ་བསྟན་འཛིན། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། དེ་ལས་དཔལ་ལྡན་བློ་གྲོས་རྒྱལ་མཚན་དང༌། འཇམ་དབྱངས་རིན་ཆེན་རྡོ་རྗེས་གསན་པ་རྣམས་ནི་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུའོ། །ཡང་ན། ཀུན་དགའ་བསྟན་འཛིན་ལས། ཁང་སར་མཁན་ཆེན་འཇམ་དབྱངས་ཤེས་རབ་རྒྱ་མཚོས་གསན་ཏོ།། །།ལམ་དུས་ཀྱི་དབང་གི་ཆུ་བོ་མ་ནུབ་པར་དཀོན་མཆོག་ལྷུན་གྲུབ་དང༌། ཤར་ཆེན་བྱམས་པ་ཀུན་བཀྲས། ཞུ་ཆེན་བཅས་ཀྱི་ཡིག་སྟེང་ནས་གནང་བའི་བརྒྱུད་པ་ནི་གོང་སོང་མ་ཐག་པའི་རྒྱུ་དབང་ཇི་ལྟ་བ་བཞིན་ནོ།། །།ཡུམ་བཀའ་རྗེ་བཙུན་རྡོ་རྗེ་བདག་