[A:༥༠༢]བརྒྱད་ཀྱིས་གཞིར་གནས་ཀྱི་དཀྱིལ་འཁོར་བཞི་སྨིན་པར་བྱེད། དབང་བཞིའི་དམ་ཚིག་ངོ་སྤྲོད་པའི་ཕྱིར་དེའི་རྣམ་བཤད་ཟིན་ཐུན་ཏུ་གཏོང༌། དབང་གི་ཡེ་ཤེས་ངོ་སྤྲོད་པ་དང༌། གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་སེམས་གསལ་སྟོང་ཟུང་འཇུག་གི་རྣམ་རོལ། རྟེན་འབྲེལ་དང་སྤྲོས་བྲལ་དུ་ཤེས་ཕྱིར་ཀུན་གཞི་རྒྱུ་རྒྱུད་ལ་འཁོར་འདས་དབྱེར་མེད་ཀྱི་ལྟ་ཁྲིད་སྟོན། ལུས་ཐབས་རྒྱུད་ལ་དབང་བཞིའི་ལམ་བཞི། དེ་རེ་རེ་ལའང་ལམ། ལྟ་བ། གྲུབ་མཐའ། འདའ་ཁ་མ། ཞར་བྱུང་བར་དོ། འབྲས་བུ་སྟེ་དོན་ཚན་དྲུག་དྲུག །དེ་དག་ཚད་མ་སྙན་བརྒྱུད་བཞིའི་སྒོ་ནས་གཏན་ལ་འབེབས་པ་ལ་བུམ་དབང་གི་ལམ་ཕྱི་བསྐྱེད་རིམ་གྱི་རྣམ་བཤད་ཟིན་ཐུན་དུ་གཏོང༌། ལམ་དབང་བསྐུར། ནང་བསྐྱེད་རིམ་གྱི་རྣམ་བཤད་གཏོང༌། ཕྱི་ནང་གི་སེམས་འཛིན། ལྟ་བ་གྲུབ་མཐའ་སོགས་ཀྱི་ཁྲིད་རིམ་རྫོགས་ནས། གསང་དབང་གི་ལམ་བདག་བྱིན་གྱིས་རླབས་པའི་རིམ་པ་ལ་སྔོན་དུ་བདག་མེད་མའི་བྱིན་རླབས། རླུང་སྦྱོར་བདུན། གཏུམ་མོའི་དམིགས་པ་བཅོ་བརྒྱད། ལྟ་བ་གྲུབ་མཐའ་སོགས་ཏེ་ཁམས་འདུས་པ་དང་པོའི་ཁྲིད། ལུས་སྦྱོང་འཁྲུལ་འཁོར་བཅས། ཤེས་རབ་ཡེ་ཤེས་ཀྱི་ལམ་དཀྱིལ་འཁོར་འཁོར་ལོའི་ལམ་མམ། ཕྱག་རྒྱའི་ལམ་རྒྱས་བསྡུས། ལྟ་བ་གྲུབ་མཐའ་སོགས་ཏེ་ཁམས་འདུས་པ་བར་པའི་ཁྲིད། བཞི་པའི་ལམ་རྡོ་རྗེའི་རྦ་རླབས། ལྟ་བ་གྲུབ་མཐའ་སོགས་ཏེ་ཁམས་འདུས་པ་ཐ་མའི་ཁྲིད་རྣམས་སྔོན་བྱོན་དམ་པ་གོང་མའི་ཕྱག་བཞེས་ཇི་ལྟ་བར་ཚང་ལ་མ་ནོར་བའི་ཚུལ་དུ་ལེགས་པར་གནང་བའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། ནག་པོ་པ། ཌ་མ་རུ་པ། ཨ་ཝ་དྷཱུ་ཏཱི་པ། ག་ཡ་དྷ་ར། འབྲོག་མི་ལོ་ཙཱ་བ། སེ་སྟོན་ཀུན་རིག །དགོན་པ་བ། ས་