R216: གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ངོར་ལུགས་ཐུན་མིན་སློབ་བཤད་དང།་ཐུན་མོང་ཚོགས་བཤད་ཐ་དད་ཀྱི་སྨིན་གྲོལ་ཡན་ལག་དང་བཅས་པའི་བརྒྱུད་ཡིག་གསེར་གྱི་ཕྲེང་བ་བྱིན་ཟབ་འོད་བརྒྱ་འབར་བ།

  • Pagination (Witness A): ༥༠༥
[A:༥༠༥]མེད་མའི་བྱིན་རླབས་པཎ་ཆེན་ངག་དབང་ཆོས་གྲགས་ཀྱི་ཡིག་སྟེང་ནས་དང༌། ཐར་པཎ་གྱི་ཡིག་སྟེང་ནས་ལམ་ཟབ་ཕྱི་མའི་བྱིན་རླབས་ཁྲིད་ལུང༌། བིར་སྲུང་ཕྱི་མའི་བྱིན་རླབས་ལུང་བཅས་གནང་བའི་བརྒྱུད་པ་ནི། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱིས་གསན་པ་ཡན་གོང་སློབ་བཤད་སྐབས་སུ་སྨོས་པ་ལྟར་རོ།། །།བསྟན་བཅོས་ཚད་མར་བྱ་བའི་ཕྱིར་ལམ་འབྲས་གཞུང་སྐོར་པོད་སེར་དམར་སོགས་དང༌། རྗེ་བཙུན་རིན་པོ་ཆེས་མཛད་པའི་རྩ་ལྟུང་འཁྲུལ་སྤོང༌། སྡོམ་པ་ཉི་ཤུ་པའི་འགྲེལ་པའི་བརྒྱུད་པ་ནི། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དང༌། འཇམ་དབྱངས་རིན་ཆེན་རྡོ་རྗེས་གསན་པ་ཡན་གོང་སློབ་བཤད་སྐབས་སུ་ཇི་སྐད་བཤད་པ་བཞིན་ནོ།། །།གཞན་ཡང་ལམ་འབྲས་ཀྱི་ཆ་ལག་ཏུ་གྱུར་པ་དང༌། དེར་མ་གཏོགས་ཀྱང་ལས་དང་པོ་པ་ལ་ཉེ་བར་མཁོ་བའི་རིགས་འགའ་ཞིག་གཙོར་བཏོན་པ་ལ། ངོར་ཆེན་གྱིས་མཛད་པའི་ཀུན་རིག་ཆོ་ག །བསྙེན་རྒྱས། ཆ་གསུམ། རྣམ་རྒྱལ་མའི་བསྟོད་པ་རྣམས་ཀྱི་བརྒྱུད་པ་ནི། ངོར་ཆེན། རྒྱལ་ཚབ། ཡོངས་འཛིན། ལྷ་སེང༌། སངས་སེང༌། ཐར་པཎ། མུས་ནམ་མཁའ་དཔལ་བཟང༌། དཔལ་དོན། ནམ་སངས། བསོད་རྒྱལ། ལྷུན་དཔལ། སངས་ཕུན། ཤེས་བྱ་བཟང་པོ། བསྟན་འཛིན་ཕུན་ཚོགས། ཀུན་དགའ་ལེགས་འབྱུང༌། ཀུན་དགའ་བློ་གྲོས། ནམ་མཁའ་འཆི་མེད། ཀུན་དགའ་བསྟན་འཛིན། དེས་བསྟན་པའི་རྒྱལ་མཚན་ལའོ།། །།དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ཀྱེ་རྡོར་མངོན་ལུས། དབང་ཆུ། གཏོར་ཆོག །ཞི་རྒྱས་ཀྱི་སྦྱིན་སྲེག །ལམ་ཟབ་ཕྱི་མའི་ཉམས་ལེན། ཀྱེ་རྡོར་དབང་གི་མཚམས་སྦྱོར།